བུདྡྷ་དྲ་ཐོག་དཔེ་མཛོད།

དཔེ་ཆ་ཉར་སྲུང་དང་ཞིབ་འཇུག་ལ་མཁོ་བའི་དྲྭ་སྟེགས་གསར་པ།

བུདྡྷ་དྲ་ཐོག་དཔེ་མཛོད།

བུདྡྷ་དྲ་ཐོག་དཔེ་མཛོད་ནི་ངེད་ཚོགས་པའི་དཔེ་མཛོད་གསར་པ་ཡིན། འདིའི་ནང་སྔར་བཞིན་དཔེ་ཆ་ལྟ་ཀློག་དང་། ཕབ་ལེན། བརྒྱུད་བསྐུར་སོགས་བྱེད་ཐུབ་པ་མ་ཟད། དཔེ་མཛོད་ཀྱི་རྒྱབ་སྟེགས་བརྗེས་ཏེ་སྔར་མེད་པའི་ཁྱད་ཆོས་གསར་པ་གང་མང་ཞིག་བསྣན་ཡོད། དཔེ་མཛོད་རྒྱབ་སྟེགས་གསར་པའི་མིང་ལ་བུདྡྷ་རྒྱབ་སྟེགས་ཟེར་ཞིང་། མཉེན་ཆས་འདི་ལ་ཁྱད་ཆོས་གསར་པ་དང་ཐབས་ཇུས་སྣ་ཚོགས་ལྡན་པས་བོད་ཡིག་གི་དཔེ་ཆ་དང་། དེ་བཞིན་ལེགས་སྦྱར་དང་། རྒྱ་ཡིག པཱ་ལི། འབར་མ། ཁའ་མེར་བཅས་ཀྱི་དཔེ་ཚོགས་འབོར་ཆེན་ཡོད་པ་རྣམས་བལྟ་ཀློག་བྱེད་བདེ་བ་དང་། འཚོལ་ཞིབ་ཀྱང་མགྱོགས་པོ་བྱེད་ཐུབ་པ་ཡིན། མཉེན་ཆས་འདི་གང་ཐུབ་ཀྱིས་སྤྱི་སྤྱོད་བྱས་ཡོད་ལ། དྲྭ་ཐོག་དཔེ་མཛོད་རྒྱབ་སྟེགས་མཉེན་ཆས་འདི་བཀོལ་ན་སྒེར་སོ་སོའི་དཔེ་ཆ་ཙམ་མ་ཟད་དྲ་ཐོག་དཔེ་མཛོད་གཞན་གྱི་དཔེ་ཆ་རྣམས་ཀྱང་རང་ཉིད་ཀྱི་དྲ་ཚིགས་ནང་སྟོན་ཐུབ། ངེད་ཚོགས་པའི་དྲྭ་ཐོག་དཔེ་མཛོད་འདི་ཡང་ང་ཚོའི་དཔེ་ཆ་ཙམ་དུ་མ་ཟད་མཉམ་འབྲེལ་ཚོགས་སྡེ་མང་བོའི་དཔེ་ཆ་རྣམས་ཀྱང་དྲྭ་ཚིགས་འདིའི་ནང་སྟོན་ཐུབ་པ་ཆགས་ཡོད།

ངེད་ཚོགས་པའི་བཀོལ་སྤྱོད་སྲིད་བྱུས་ལ་རྒྱུས་ལོན་མང་ཙམ་བྱོས།

བུདྡྷ་རྒྱབ་སྟེགས་ལ་བརྟེན་པའི་

ང་ཚོའི་དཔེ་མཛོད་སྔོགས།

བུདྡྷ་རྒྱབ་སྟེགས་མཉེན་ཆས།

བུདྡྷ་རྒྱབ་སྟེགས་ལ་བརྟེན་ནས་ནང་བསྟན་ཞིབ་འཇུག་གི་ལས་རིགས་རྣམས་སྔར་ལས་སྟབས་བདེ་རུ་སོང་བར་མ་ཟད། ནམ་རྒྱུན་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲྭ་ཚིགས་བཀོལ་མཁན་ཞིག་ཡིན་ན་ད་ལྟ་དྲྭ་ཚིགས་གསར་པའི་ནང་གི་བཤེར་པར་དང་འཕྲུལ་ཡིག་སྟོན་ཆས་གཉིས་ཡར་རྒྱས་གཏང་ཡོད་པ་ཤེས་ཐུབ།

བཤེར་པར་སྟོན་ཆས།

བུདྡྷ་རྒྱབ་སྟེགས་ཀྱི་བཤེར་པར་སྟོན་ཆས་སྤྱད་ནས་པར་ཚང་མ་རྒྱུན་མཐུད་ནས་ལྟ་ཐུབ་པ་མ་ཟད་ཤོག་བུ་རེ་རེ་བཞིན་བྱས་ནས་ཀྱང་ལྟ་ཐུབ། བཤེར་པར་སྟོན་ཆས་གསར་པ་འདིའི་ནང་དུ་པར་བསྐྱར་སྒྲིག་བྱེད་ཆས་སྟབས་བདེ་ཞིག་ཀྱང་མཉམ་དུ་ཡོད་པས་པར་གྱི་ཚོན་མདོག་དང་། གསལ་ཆ་སོགས་བརྗེ་སྒྱུར་བྱེད་ཐུབ་པར་མ་ཟད། ཀློག་བདེ་བོ་ཡོང་ཆེད་པར་གྱི་ཁ་མདོག་ཀྱང་སྒྱུར་ཐུབ།

བོན་དཔེ་བྲིས་མ་རི་མོ་ཅན། (བརྩམས་ཆོས་ཨང་ W8LS32686)

བུདྡྷ་རྒྱབ་སྟེགས་མཉེན་ཆས།

བུདྡྷ་རྒྱབ་སྟེགས་ལ་བརྟེན་ནས་ནང་བསྟན་ཞིབ་འཇུག་གི་ལས་རིགས་རྣམས་སྔར་ལས་སྟབས་བདེ་རུ་སོང་བར་མ་ཟད། ནམ་རྒྱུན་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲྭ་ཚིགས་བཀོལ་མཁན་ཞིག་ཡིན་ན་ད་ལྟ་དྲྭ་ཚིགས་གསར་པའི་ནང་གི་བཤེར་པར་དང་འཕྲུལ་ཡིག་སྟོན་ཆས་གཉིས་ཡར་རྒྱས་གཏང་ཡོད་པ་ཤེས་ཐུབ།

བུདྡྷ་རྒྱབ་སྟེགས་ཀྱི་བཤེར་པར་དང་འཕུལ་ཡིག་སྟོན་ཆས།

བཤེར་པར་སྟོན་ཆས།

བུདྡྷ་རྒྱབ་སྟེགས་ཀྱི་བཤེར་པར་སྟོན་ཆས་སྤྱད་ནས་པར་ཚང་མ་རྒྱུན་མཐུད་ནས་ལྟ་ཐུབ་པ་མ་ཟད་ཤོག་བུ་རེ་རེ་བཞིན་བྱས་ནས་ཀྱང་ལྟ་ཐུབ། བཤེར་པར་སྟོན་ཆས་གསར་པ་འདིའི་ནང་དུ་པར་བསྐྱར་སྒྲིག་བྱེད་ཆས་སྟབས་བདེ་ཞིག་ཀྱང་མཉམ་དུ་ཡོད་པས་པར་གྱི་ཚོན་མདོག་དང་། གསལ་ཆ་སོགས་བརྗེ་སྒྱུར་བྱེད་ཐུབ་པར་མ་ཟད། ཀློག་བདེ་བོ་ཡོང་ཆེད་པར་གྱི་ཁ་མདོག་ཀྱང་སྒྱུར་ཐུབ།

ང་ཚོའི་དཔེ་མཛོད་ཀྱི་ཁྱད་ཆོས།

འཕྲུལ་ཡིག་སྟོན་ཆས།

བུདྡྷ་རྒྱབ་སྟེགས་ནང་འཕྲུལ་ཡིག་སྟོན་ཆས་ཀྱང་བཞག་ཡོད། ཁྱེད་ཀྱིས་བརྩམས་ཆོས་དེའི་བཤེར་པར་ཡོད་ཚེ་བཤེར་པར་དེ་དང་ཡི་གེ་གཏགས་མ་གཉིས་དུས་གཅིག་ལ་བལྟ་ཐུབ།

 

འཕྲུལ་ཡིག་སྟོན་ཆས་བརྒྱུད་ནས་བརྩམས་ཆོས་དེའི་འཕྲུལ་ཡིག་ཀྱང་ཕབ་ལེན་བྱེད་ཐུབ།

ངེད་ཚོགས་པའི་དྲྭ་ཐོག་དཔེ་མཛོད་ནང་གི་ཤོག་ངོས་ཤིག་དང་དེའི་ཡིག་རྐྱང་གཏགས་མ་མཉམ་དུ་བུདྷ་དཔེ་མཛོདནང་འཆར་བ།

སྐད་ཡིག་སྣ་ཚོགས་ནང་འཚོལ།

ངེད་ཚོགས་པའི་དྲྭ་ཐོག་དཔེ་མཛོད་གསར་པ་འདི་བུདྡྷ་རྒྱབ་སྟེགས་ལ་བརྟེན་ཡོད་པས་དཔེ་ཆ་འཚོལ་སྐབས་བཙལ་བྱའི་ཚིག་དེ་སྐད་རིགས་འདྲ་མིན་ནང་བྲིས་ནས་བཙལ་རྒྱུ་ཡོད་པ་དང། བཙལ་ཟིན་པའི་དཔེ་ཆ་དེ་ཡང་ཐད་ཀར་ཕབ་ལེན་བྱ་ཐུབ་པ་ཡིན།

བུདྡྷ་རྒྱབ་སྟེགས་ཀྱི་ཁྱད་ཆོས།

བུདྡྷ་རྒྱབ་སྟེགས་ཀྱི་འཕྲུལ་ལས་ལག་རྩལ།

བུདྡྷ་རྒྱབ་སྟེགས་ནི་སྤྱི་སྤྱོད་ཀྱི་ཚད་གཞི་སྤྱད་ནས་བཟོས་ཤིང་། ལས་གཞི་གང་ལ་ཡང་བཀོལ་ཆོག་པའི་རིན་མེད་མཉེན་ཆས་ཤིག་ཡིན། ཡིག་ཆ་དང་ནང་འཇུག་བྱ་ཕྱོགས་ཀྱི་མཛུབ་སྟོན་ཁག་ང་ཚོའི་གྷི་ཐབ་དྲྭ་བྱང་འདི་ན་ཡོད།

 

བུདྡྷ་རྒྱབ་སྟེགས་ནི་རྩ་བའི་གྲུབ་ཆ་གཉིས་ལ་བརྟེན་ནས་གྲུབ་ཡོད་དེ། རྒྱལ་སྤྱིའི་ཐུན་མོང་པར་རིས་སྟོན་ཐབས་(IIIF)དང་དྲྭ་སྦྲེལ་སྤྱི་སྤྱོད་དན་གྲངས་(Linked Open Data)གཉིས་རེད།

 

IIIF ནི་བཤེར་པར་རྣམས་དྲྭ་ལམ་ནས་བརྒྱུད་སྐུར་དང་འཆར་སྟོན་བྱེད་ཐབས་དང་ཚད་གཞི་གཅིག་གྱུར་བྱས་པ་ཞིག་ཡིན། IIIF འདི་བཀོལ་སྤྱོད་བྱེད་མཁན་ནི་འཛམ་གླིང་གང་སར་གནས་པའི་དཔེ་མཛོད་ཁང་དང་འགྲེམ་སྟོན་ཁང་། ཞིབ་འཇུག་སློབ་གླིང་ཆེ་ཁག་ཡིན། རྒྱུ་མཚན་ནི་འདི་བརྒྱུད་ནས་དྲྭ་ཚིགས་ནང་པར་རིས་རིགས་འཆར་སྟོན་སྐབས་པར་རིས་རྣམས་སྔ་ན་མེད་པའི་གསལ་དོད་ཡོང་བ་དང་ཆེ་བ། སྔོག་བཤེར་དང་ཕབ་ལེན་མགྱོགས་པ། པར་རིས་ངོས་སུ་མཆན་འགོད་ཐུབ་པ་ལྟ་བུའི་ཁྱད་ཆོས་སྣེ་མང་འཛོམས་ཡོད། བུདྡྷ་རྒྱབ་སྟེགས་ནང་IIIF རྒྱལ་སྤྱིའི་ཐུན་མོང་པར་རིས་སྟོན་ཐབས་བཀོལ་སྤྱོད་བྱས་ཡོད་པས་བུདྡྷ་རྒྱབ་སྟེགས་བེད་སྤྱོད་བྱས་པའི་དྲྭ་ཚིགས་ཡོད་དོ་ཅོག་གི་ནང་གོང་གསལ་གྱི་ཁྱད་ཆོས་རྣམས་ཀྱང་ཡོང་ཐུབ་པ་ཡིན།

བཀོལ་སྤྱོད་མཁན་གྱིས་བུདྡྷ་རྒྱབ་སྟེགས་ཀྱི་IIIF ཡི་གདོང་མདུན་བརྒྱུད་ནས་བཤེར་པར་ཕབ་ལེན་དང་བརྒྱུད་སྐུར། དྲྭ་ཚིགས་གཞན་གྱི་ནང་བསྒྲིག་པ། པར་མཆན་འགོད་པ་བཅས་ངེད་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་བཤེར་པར་སྟོན་ཆས་ནང་བྱེད་མི་ཐུབ་པ་རྣམས་ཀྱང་འདིའི་ནང་བྱེད་ཐུབ་པ་ཡིན།

ཐའེ་ལན་ཌིའི་དཔེ་ཚོགས་ཤིག་བུདྡྷ་རྒྱབ་སྟེགས་ཀྱི་བཤེར་པར་སྟོན་ཆས་གསར་པའི་ནང་འཆར་བ། (ཤོག་ངོས་སྟོན།)

བུདྡྷ་རྒྱབ་སྟེགས་ཀྱིས་རིས་སུ་མ་ཆད་པའི་ནང་བའི་དཔེ་ཆ་དང་ཤེས་བྱ་ཕན་ཚུན་བརྗེ་ལེན་བྱ་སའི་ལྟེ་གནས་ཤིག་བསྐྲུན་ཏེ་ནང་བསྟན་ལ་ཞིབ་འཇུག་བྱེད་མཁན་ཐུན་མོང་གི་མཉམ་ལས་དང་ཕན་ཚུན་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་ངེས།

བུདྡྷ་རྒྱབ་སྟེགས་ཀྱིས་དྲྭ་ཚིགས་ནང་པར་རིས་རྣམས་འཆར་སྟོན་བྱེད་སྤྱད་ལ་“རྒྱལ་སྤྱིའི་ཐུན་མོང་པར་རིས་སྟོན་ཐབས་”(IIIF)བཀོལ་སྤྱོད་བྱས་ཡོད། དཀར་ཆག་དང་གཏགས་མའི་ཡི་གེ། མཆན་ལྟ་བུའི་དན་གྲངས་གང་ཡོད་བརྒྱུད་གཏོང་བྱེད་སྤྱད་ལ་“དྲྭ་སྦྲེལ་སྤྱི་སྤྱོད་དན་གྲངས་”(linked open data)འདི་བཀོལ་སྤྱོད་བྱས་ཡོད། དྲྭ་སྦྲེལ་སྤྱི་སྤྱོད་དན་གྲངས་ནི་དྲྭ་ལམ་ན་ཡོད་པའི་ཤེས་བྱ་རྣམས་ཕན་ཚུན་དྲྭ་ཐག་གིས་འབྲེལ་མཐུད་བྱས་པའི་ཐབས་ལམ་གསར་པ་ལ་གོ། སྤྱིར་དྲྭ་རྒྱ་ལ་རིགས་གཉིས་དབྱེ་སྟེ། ཡིག་ཆའི་དྲྭ་བ་(web of documents)དང་དན་གྲངས་ཀྱི་དྲྭ་བ་(web of data)གཉིས། དང་བོ་ཡིག་ཆའི་དྲྭ་བ་ནི་དྲྭ་ལམ་གྱི་ཡིག་ཆ་རྣམས་གཅིག་གཅིག་ལ་སྦྲེལ་བའི་དྲྭ་བ་ལ་ཟེར། གཉིས་པ་དན་གྲངས་ཀྱི་དྲྭ་བ་ནི་གོང་དང་མ་འདྲ་བར་དྲྭ་ལམ་ན་ཁྱབ་པའི་ཤེས་བྱའི་རིགས་ཕན་ཚུན་དྲྭ་ཐག་གིས་སྦྲེལ་བའི་དྲྭ་བ་ཡིན། འདི་ལ་བརྗོད་བྱ་དོན་གྱི་དྲྭ་བ(semantic web)ཡང་་ཟེར། དྲྭ་སྦྲེལ་དན་གྲངས་(linked data)ནི་དྲྭ་རྒྱའི་རིགས་གཉིས་པའི་གྲུབ་ཆ་ཡིན། དྲྭ་སྦྲེལ་དན་གྲངས་ལ་སྤྱི་སྤྱོད་དང་སྒེར་སྤྱོད་གཉིས་ཡོད་པའི་ནང་ནས་སྤྱི་སྤྱོད་དེ་ལ་དྲྭ་སྦྲེལ་སྤྱི་སྤྱོད་དན་གྲངས་(linked open data)ཟེར། སྐབས་འདིར་བུདྡྷ་དཔེ་མཛོད་རྒྱབ་སྟེགས་ནང་པར་རིས་ཕུད་པའི་དཀར་ཆག་ལྟ་བུའི་དཔེ་མཛོད་ཀྱི་དན་གྲངས་སམ་རྒྱུ་ཆ་ཚང་མ་“དྲྭ་སྦྲེལ་སྤྱི་སྤྱོད་དན་གྲངས་”ནང་ཉར་ཚགས་བྱས་ཡོད།

ང་ཚོས་ནང་བསྟན་གསུང་རབ་སྤྱིའི་ཁྱད་ཆོས་དང་མཐུན་པའི་ནང་བའི་དྲྭ་སྦྲེལ་དན་གྲངས་ཀྱི་འགྲོ་སྟངས་གསར་པ་ཞིག་བཟོས་ཏེ། ད་སྔ་ང་ཚོར་ཡོད་བསྡད་པའི་བརྩམས་ཆོས་སོ་སོའི་གནས་ཚུལ་ཏེ། བརྩམས་ཆོས་ཀྱི་མཚན་བྱང་། དཀར་ཆག རྩོམ་པ་པོ། བརྗོད་བྱ། རྩོམ་རིགས་ཀྱི་དབྱེ་བ། པར་བསྐྲུན་བྱེད་དུས། དཔེ་ཆའི་རྣམ་པ། པར་མའི་རིགས་སོགས་དན་གྲངས་ཡོངས་རྫོགས་དེའི་ནང་བསྒྱུར་ནས། ཞིབ་འཇུག་བྱེད་བདེ་བ་དང་། འཚོལ་བདེ་བ། བཀོལ་སླ་བ། དན་གྲངས་ཉར་ཚགས་བརྟན་པོ་ཡོད་པ། དན་གྲངས་བརྗེ་ལེན་བྱེད་བདེ་བ་ཆགས་ཡོད།

 

དེ་བཞིན་བརྩམས་ཆོས་ཀྱི་ནང་དོན་ཏེ། གཞུང་གི་ས་བཅད་དང་ལེའུ། ལུང་ཚིག མཚན་ཉིད། མཚན་གཞི། དབྱེ་གཞི། དབྱེ་བ། རང་ལུགས། ཁ་ཅིག སྨན་སྦྱོར་དང་ཕན་ནུས། ལོ་རྒྱུས་མི་སྣ་དང་དེའི་བྱ་གཞག ལོ་ཚིགས་དང་ས་གནས་སོགས་གཞུང་ལུགས་སོ་སོའི་ནང་གསེས་གསེད་བཀྲོལ་ཞིབ་ཚགས་བྱེད་ཐུབ་པའི་རྨང་གཞི་བཟོས་ཡོད།
དྲྭ་སྦྲེལ་སྤྱི་སྤྱོད་དན་གྲངས་(linked open data)འདི་ནི་ངེད་ཚོགས་པ་ཁོ་ནས་སྒེར་སྤྱོད་ཙམ་མ་ཡིན་པར་འབྲེལ་ཡོད་ཀྱི་ཚོགས་སྒེར་སུས་ཀྱང་མཉམ་སྤྱོད་ཐུབ་པ་ཞིག་བྱས་ཡོད།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་བཀོད་སྤྱོད་སྲིད་བྱུས།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་བཀོལ་སྤྱོད་སྲིད་བྱུས་ནི་སྐུ་ཞབས་རྗེན་སི་མེ་ཐིས་གཏན་འབེབས་ཐོག་མར་བྱས་ཤིང་། ༢༠༠༤ ལོ་ནས་བཟུང་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་ཐོག་དཔེ་མཛོད་ནང་བཀོད་ཡོད། ༢༠༡༢ ལོར་འགན་འཛིན་ལྷན་ཚོགས་ཀྱིས་བསྐྱར་ཞིབ་བྱས་ཏེ། ཕྱི་ལོ་༢༠༡༤ དང་༢༠༡༩ ལོར་ཧ་ལྦར་ཊི་གཙུག་ལག་སློབ་གཉེར་ཁང་གི་བདག་དབང་སྐོར་གྱི་སློབ་སྟོན་པ་Kyle Courtney མཆོག་གིས་བསྐྱར་ཞིབ་གནང་རྗེས་འགན་འཛིན་ལྷན་ཚོགས་ཀྱིས་བསྐྱར་བསྒྲིགས་བྱས།

 

ང་ཚོའི་བཀོལ་སྤྱོད་སྲིད་བྱུས་ལག་བསྟར་ལ་དམིགས་ཡུལ་གཉིས་ཡོད་དེ།

 

      ༡  རིག་གཞུང་རྒྱུན་གནས་ཡོང་བར་དཔེ་ཆ་བལྟ་ཀློག་མང་བ་ཡོང་ཐབས།

      ༢  རྩོམ་པ་པོ་དང་དཔར་བསྐྲུན་པ་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབས།

གནས་ཚུལ་གསར་པ།