ང་ཚོའི་ལས་གཞི།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་བསྒྲུབ་བྱའི་ལས་ཀ

ངེད་ཚོགས་པས་འཇིག་ཉེན་ཆེ་བའི་ནང་བསྟན་གསུང་རབ་བྲིས་མ་རྣམས་རྟག་གནས་ཡོང་བར་དམིགས་ཏེ་ཨང་བསྒྱུར་བྱེད་བཞིན་ཡོད་ལ། དེ་དག་བལྟ་ཀློག་དང་ཞིབ་འཇུག་ལ་མཁོ་བའི་མཐུན་རྐྱེན་སྣ་ཚོགས་ཀྱང་བཟོ་བཞིན་ཡོད།

གསུང་རབ་ཉར་སྲུང་དང་བལྟ་ཀློག

ང་ཚོས་བོད་ཀྱི་ནང་བསྟན་རིག་གཞུང་དང་། ལྷོ་ཤར་ཨེ་ཤི་ཡའི་ནང་བསྟན་གསུང་རབ་བྲིས་མ་རྣམས་ཉེན་སྐྱོབ་བྱེད་བཞིན་ཡོད་པར་མ་ཟད། ཞིབ་འཇུག་དང་དྲྭ་ཐོག་དཔེ་མཛོད་བཟོ་བསྐྲུན་སོགས་ལ་ཉེ་བར་མཁོ་བའི་མཐུན་རྐྱེན་སྣ་ཚོགས་ཀྱང་གསར་བཟོ་དང་ཡར་རྒྱས་གཏོང་བཞིན་ཡོད།

གསུང་རབ་ཉར་སྲུང་དང་དཔེ་རྒྱུན་དར་སྤེལ་ཀྱི་ལས་གཞི་འདིས་ཚོགས་པའི་དམིགས་ཡུལ་གཙོ་བོ་ཁག་གསལ་སྟོན་བྱས་ཡོད། དེ་དག་ནི་ནང་བསྟན་གཞུང་ལུགས་གང་འདྲ་ཞིག་ཡིན་རུང་དོན་གྱི་བདག་པོར་ཕྱིར་སློག་བྱ་རྒྱུ། ནང་བསྟན་གསུང་རབ་གང་མང་མང་རིན་མེད་དུ་ལྟ་ཀློག་བྱེད་ཐུབ་པ་ཞིག་བཟོ་རྒྱུ། ནང་བསྟན་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་དང་ཞིབ་འཇུག་གི་ལས་གཞི་མང་རུ་གཏོང་རྒྱུ་བཅས་ཡིན།

གསུང་རབ་ཉར་སྲུང་། དཔེ་རྒྱུན་དར་སྤེལ
འཕྲུལ་ལས་ལག་རྩལ། ངེད་ཚོགས་པས་སྔོན་ཐོན་གྱི་མཉེན་ཆས་སྤྱད་ནས་ནང་བསྟན་གསུང་རབ་རྣམས་ཡུན་རིང་ཉར་སྲུང་བྱེད་ཐུབ་པའི་ཁག་ཐེག་བྱས་ཡོད། ངེད་ཚོགས་པས་འཕྲུལ་ལས་ལག་རྩལ་གྱིས་ཞིབ་འཇུག་ལ་མཁོ་བའི་ཁྱད་ཆོས་རྣམས་གསར་བཟོ་བྱས་པ་ལ་བརྟེན་ནས་དཔེ་ཀློག་བྱེད་བདེ་རུ་གཏོང་བཞིན་ཡོད།
ཆེད་ལས་ལམ་སྟོན། ངེད་ཚོགས་པས་ཆེད་མཁས་པའི་ལམ་སྟོན་འོག་ཉེན་སྐྱོབ་བྱ་དགོས་པའི་གསུང་རབ་རྣམས་ངོས་འཛིན་དང་ཉར་སྲུང་བྱེདམུས་ཡིན། ངེད་ཚོགས་པས་དཔེ་རྒྱུན་དར་སྤེལ་ཡོང་བའི་ཕྱིར་དུ་དྲྭ་ཐོག་དཔེ་མཛོད་ནང་གི་གསུང་རབ་དཔེ་ཆ་རེ་རེའི་དན་གྲངས་གོང་མའི་གནས་ཚུལ་ཞིབ་ཕྲ་འགོད་རྒྱུ།

ཆེད་ལས་ལམ་སྟོན། ངེད་ཚོགས་པས་ཆེད་མཁས་པའི་ལམ་སྟོན་འོག་ཉེན་སྐྱོབ་བྱ་དགོས་པའི་གསུང་རབ་རྣམས་ངོས་འཛིན་དང་ཉར་སྲུང་བྱེད་མུས་ཡིན། ངེད་ཚོགས་པས་དཔེ་རྒྱུན་དར་སྤེལ་ཡོང་བའི་ཕྱིར་དུ་དྲྭ་ཐོག་དཔེ་མཛོད་ནང་གི་གསུང་རབ་དཔེ་ཆ་རེ་རེའི་དན་གྲངས་གོང་མའི་གནས་ཚུལ་ཞིབ་ཕྲ་འགོད་རྒྱུ།
གསུང་རབ་ཉར་སྲུང་། དཔེ་རྒྱུན་དར་སྤེལ
འཕྲུལ་ལས་ལག་རྩལ། ངེད་ཚོགས་པས་སྔོན་ཐོན་གྱི་མཉེན་ཆས་སྤྱད་ནས་ནང་བསྟན་གསུང་རབ་རྣམས་ཡུན་རིང་ཉར་སྲུང་བྱེད་ཐུབ་པའི་ཁག་ཐེག་བྱས་ཡོད། ངེད་ཚོགས་པས་འཕྲུལ་ལས་ལག་རྩལ་གྱིས་ཞིབ་འཇུག་ལ་མཁོ་བའི་ཁྱད་ཆོས་རྣམས་གསར་བཟོ་བྱས་པ་ལ་བརྟེན་ནས་དཔེ་ཀློག་བྱེད་བདེ་རུ་གཏོང་བཞིན་ཡོད།
ཆེད་ལས་ལམ་སྟོན། ངེད་ཚོགས་པས་ཆེད་མཁས་པའི་ལམ་སྟོན་འོག་ཉེན་སྐྱོབ་བྱ་དགོས་པའི་གསུང་རབ་རྣམས་ངོས་འཛིན་དང་ཉར་སྲུང་བྱེདམུས་ཡིན། ངེད་ཚོགས་པས་དཔེ་རྒྱུན་དར་སྤེལ་ཡོང་བའི་ཕྱིར་དུ་དྲྭ་ཐོག་དཔེ་མཛོད་ནང་གི་གསུང་རབ་དཔེ་ཆ་རེ་རེའི་དན་གྲངས་གོང་མའི་གནས་ཚུལ་ཞིབ་ཕྲ་འགོད་རྒྱུ།

བོད་མིར་རྒྱབ་སྐྱོར་བྱེད་པ།

ངེད་ཚོགས་པས་མུ་མཐུད་དུ་རྒྱ་གར་དང་རྒྱ་ནག་ནས་རྩ་ཆེ་བའི་བོད་ཀྱི་དཔེ་ཆ་བྲིས་མ་དང་ཤིང་པར། དེང་རབས་མགོ་ཚེམ་བཅས་གང་རྙེད་རྣམས་ཨང་བསྒྱུར་བྱེད་བཞིན་ཡོད།

རྒྱ་ནག་གཞུང་དང་འབྲེལ་བའི་ཚོགས་པ་དང་ཡང་ན་སྡེ་ཚན་ཁག་གིས་རྒྱབ་སྐྱོར་ལ་བརྟེན་ནས་པར་བའི་དཔེ་ཆ་རྣམས་དུས་ཡུན་ཐུང་ངུ་ཞིག་གི་ནང་པར་བ་ལས་རྒྱུན་དུ་མེད་པ་དང་། པོད་གྲངས་ཡང་ཉུང་ཉུང་མ་གཏོགས་མེད་པས་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་གོ་སྐབས་དེ་འཇུས་ནས་རྩ་ཆེའི་དཔེ་ཆ་རྣམས་ཨང་བསྒྱུར་གྱི་ལམ་ནས་ཉར་སྲུང་བྱེད་བཞིན་ཡོད། ང་ཚོས་སྤོབས་པ་དང་བཅས་ཚོགས་པ་གསར་འཛུགས་མཁན་སྐུ་ཞབས་རྗེན་སུ་མེས་ཐིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་བོད་ཀྱི་ནང་བསྟན་གསུང་རབ་རྣམས་དུས་རྟག་དུ་ཐུན་མོང་གིས་ལོངས་སྤྱོད་བྱེད་ཐུབ་པ་ཞིག་ལ་འབད་བཞིན་ཡོད།

དུས་རབས་བཅུ་བཞི་བའི་ནང་ཁམས་མི་ཉག་གི་མཁས་པ་འཇམ་དབྱངས་གྲགས་པའི་

གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་ཤོག་ངོས་འགའ་ཤས།

བརྩམས་ཆོས་ཨང་། W2PD20096.

བོད་མིར་རྒྱབ་སྐྱོར་བྱེད་པ།

མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་པ་(བརྩམས་ཆོས་ཨང་། W8LS19999) དྲ་སྟེགས་གསར་བ་བུདྡྷ་དྲྭ་ཐོག་དཔེ་མཛོད་ཀྱི་སྟེང་འཆར་བའི་རྣམ་པ།

ངེད་ཚོགས་པས་མུ་མཐུད་ནས་རྒྱ་གར་དང་རྒྱ་ནག་བཅས་ནས་རྩ་ཆེ་བའི་བོད་ཀྱི་དཔེ་ཆ་བྲིས་མ་དང་ཤིང་པར། དེང་རབས་མགོ་ཚེམ་བཅས་གང་རྙེད་རྣམས་ཨང་བསྒྱུར་བྱེད་བཞིན་ཡོད།

རྒྱ་ནག་གཞུང་དང་འབྲེལ་བའི་ཚོགས་པ་དང་ཡང་ན་སྡེ་ཚན་ཁག་གིས་རྒྱབ་སྐྱོར་ལ་བརྟེན་ནས་པར་བའི་དཔེ་ཆ་རྣམས་དུས་ཡུན་ཐུང་ངུ་ཞིག་གི་ནང་པར་བ་ལས་རྒྱུན་དུ་མེད་པ་དང་། པོད་གྲངས་ཡང་ཉུང་ཉུང་མ་གཏོགས་མེད་པས་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་གོ་སྐབས་དེ་འཇུས་ནས་རྩ་ཆེའི་དཔེ་ཆ་རྣམས་ཨང་བསྒྱུར་གྱི་ལམ་ནས་ཉར་སྲུང་བྱེད་བཞིན་ཡོད། ང་ཚོས་སྤོབས་པ་དང་བཅས་ཚོགས་པ་གསར་འཛུགས་མཁན་སྐུ་ཞབས་རྗེན་སུ་མེས་ཐིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་བོད་ཀྱི་ནང་བསྟན་གསུང་རབ་རྣམས་དུས་རྟག་དུ་ཐུན་མོང་གིས་ལོངས་སྤྱོད་བྱེད་ཐུབ་པ་ཞིག་ལ་འབད་བཞིན་ཡོད།

ཤུལ་བཞག་ནང་བའི་གསུང་རབ་སྲུང་སྐྱོབ།

ལྷོ་ཤར་ཨེ་ཞིའི་མངའ་ཁུལ་གྱི་རྩ་ཆེའི་ནང་བསྟན་གསུང་རབ་རྣམས་ཉེན་སྐྱོབ།

ལྷོ་ཤར་ཨེ་ཞིའི་ཁུལ་གྱི་རྩ་ཆེའི་ནང་བསྟན་གསུང་རབ་རྣམས་ཧ་ཅང་གིས་འཇིག་ཉེན་ཆེ་བ་དང་། ཉར་སྲུང་དང་ཉེན་སྐྱོབ་བྱེད་པར་ཡང་རིམ་གྱིས་ཚད་བཀག་དང་འགྲོ་གྲོན་གྱིས་མ་འདང་བར་ལྷག་ཡོད་པས། མངའ་ཁུལ་འདིའི་ཕྱོགས་བསྒྲིགས་དཔེ་ཆ་མང་ཆེ་བ་རྩ་སྟོང་ལ་འགྲོ་ཉེན་ཆེ་སྟེ། བྲིས་མ་རྣམས་ཉུང་རུ་ཉུང་རུ་སོང་ནས་ཡར་འགྲོ་བ་དང་། དམིགས་བསལ་གྱིས་ཏ་ལའི་ལོ་མའི་སྟེང་བྲིས་པའི་ནང་བའི་དཔེ་ཆ་རྣམས་ས་ཁུལ་སོ་སོའི་ནང་སྤྱི་སྤྱོདཡིན་པས་གནམ་གཤིས་དང་བཞའ་ཚན་གྱིས་ཟིན་ནས་འཇིག་འགྲོ་བ། བདག་ཉེས་ཤོར་ནས་འཇིག་འགྲོ་བ། སྐབས་ཐོག་གི་རྒྱུ་རྐྱེན་སོ་སོ་བཅས་ལ་བརྟེན་ནས་འཇིག་བཞིན་ཡོད།

རྒྱུ་རྐྱེན་གཞན་ཡང་ཡོད་དེ། དཔེར་ན། རྐུ་ལ་ཤོར་བ་དང་ལག་ཉེས་ཤོར་བ། འབྱུང་བས་འཇིག་པ། འབུས་ཟོས་པ་སོགས་ལྷོ་ཤར་ཨེ་ཞི་ཡའི་མངའ་ཁུལ་གྱི་གསུང་རབ་འཇིག་རྐྱེན་སྣ་ཚོགས་ཤིག་ཡོད།

ཏ་ལའི་ལོ་མའི་དཔེ་ཚོགས་ཨང་བསྒྱུར་གྱི་ལས་གཞི།

ད་ཆ་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་ལྷོ་ཤར་ཨེ་ཞི་ཡའི་མངའ་ཁུལ་གྱི་གསུང་རབ་ཉར་སྲུང་གི་ལས་གཞི་གཙོ་བོ་གཉིས་གཉེར་བཞིན་ཡོད་ཡོད། མངའ་ཁུལ་དེར་འགྲོ་བཞིན་པའི་ལས་གཞིའི་དུས་ཡུན་རིང་ཤོས་ཏེ་ཏ་ལའི་ལོ་མའི་དཔེ་ཚོགས་ཨང་བསྒྱུར་གྱི་ལས་གཞི་འདི་ཡིན་ཞིང་། དེ་ནི་གཙོ་བོ་ཐའེ་ལན་ཌི་རང་ལ་རྟེན་གཞི་བྱས་ཡོད། གཞན་དེ་མཁས་དབང་ཕེ་ཐར་སི་ཁེ་ལེང་སྒེར་གྱིས་བསྡུ་སྒྲིག་བྱས་པའི་དཔེ་ཚོགས་ཡིན་ལ། དཔེ་ཚོགས་དེའི་ནང་འབར་མའི་ཁྱད་ཆོས་ཅན་གྱི་ཏ་ལའི་ལོ་མའི་སྟེང་བྲིས་པའི་ནང་བའི་གསུང་རབ་༡༠༨༩༦ ཡོད་པ་དང་། སྐད་རིགས་མ་འདྲ་བ་དང་ཏ་ལའི་ལོ་བྲིས་མ་མ་ཡིན་པའི་དཔེ་ཆ་གཞན་༥༠༠༠ ལྷག་ཡོད།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་དཔེ་ཚོགས་ཡོངས་རྫོགས་ཨང་བསྒྱུར་ཀྱི་ལས་ཀ་བྱེད་བཞིན་པ་དང་། ཏ་ལའི་ལོ་མའི་དཔེ་ཚོགས་ཨང་བསྒྱུར་གྱི་ལས་གཞི་འདིའི་སྦྱིན་བདག་མཁྱེན་བརྩེ་ཐེབས་རྩ་ཁང་གིས་བྱེད་བཞིན་ཡོད།

རྩ་ཆེའི་ནང་བསྟན་གསུང་རབ་རྣམས་ཉེན་སྐྱོབ།

ཉེ་བའི་དུས་རབས་བཅུ་དགུ་བའི་ནང་ཤིང་ཤུན་གྱི་ཤོག་བུའི་སྟེང་ཁའ་མེར་བྲིས་དཔེ་ལྟེབ་རྩེས་རྒྱག་ཆོག་པ་དང་། སྒོམ་སྒྲུབ་ཉམས་ལེན་སྐབས་ལུས་པོའི་ཆ་ཤས་སོ་སོའི་ཚིགས་མཚམས་ཁག་གི་མཚོན་བྱེད་པཱ་ལའི་ཡིག་འབྲུས་སྟོན་པ།

ཁའ་མེར་ཤུལ་བཞག་གསུང་དཔེ་ལག་བྲིས་མའི་ལས་གཞི།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་ལྷོ་ཤར་ཨེ་ཤི་ཡའི་ནང་གཉེར་བའི་ལས་གཞི་ཆེ་ཤོས་གཉིས་པ་ནི་ཁའ་མེར་ཤུལ་བཞག་གསུང་དཔེ་ལག་བྲིས་མའི་ལས་གཞི་འདི་ཡིན། ཚོགས་པ་L’Ecole française d’Extrême-Orient དང་ Digital Divide Data, གཉིས་ཀྱི་རོགས་རམ་ལ་བརྟེན་ནས་ཁ་མེར་ལག་བྲིས་མའི་གསུང་རབ་སྟོང་ཕྲག་འགའ་ཨང་བསྒྱུར་དང་དར་སྤེལ་གྱི་ལས་ལ་བརྩོན་བཞིན་ཡོད།

ཁམ་བྷོ་ཌི་ཡའི་རིན་ཆེན་གསུང་རབ་དག་ནི་ཁའ་མེར་གྱི་རིག་གཞུང་དང་། ནང་པའི་ལྟ་གྲུབ། སྒྱུ་རྩལ་སོགས་ཀྱི་མཛོད་ལྟ་བུར་ཞིག་ཏུ་གྱུར་ཡོད། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ཁམ་བྷོ་ཌི་ཡའི་གསུང་རབ་ཚང་མ་བདག་ཉར་བྱེད་ཐུབ་ཡོད་ལ། ཁའ་མེར་གྱི་རྩོམ་རིག་སྒྱུ་རྩལ་དང། ལོ་རྒྱུས། ཚན་རིག ཆོས། སྨན་སོགས་ཀྱང་ཉར་སྲུང་དང་རྒྱུན་སྤེལ་བྱེད་ཐུབ་ཡོད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་གསུང་རབ་དཔེ་ཚོགས་འདིའི་བརྒྱ་ཆ་ ༩༥-༩༨ ཙམ་ཟིང་ཆའི་སྐབས་(༡༩༧༠ དང་ ༡༩༨༠)བརླགས་ཟིན།

རྒྱུ་མཚན་འདིའི་རྐྱེན་གྱིས་གསུང་རབ་དཔེ་ཚོགས་འདིའི་ནང་ཡོད་པའི་ཁམ་བྷོ་ཌི་ཡའི་རིག་གཞུང་གི་ཆ་ཤས་མང་ཆེ་བ་ཞིག་བོར་བརླགས་སུ་སོང་། ཁའ་མེར་ཤུལ་བཞག་གསུང་དཔེ་ལག་བྲིས་མའི་ལས་གཞི་འདིས་ད་ཡོད་གསུང་རབ་རྣམས་དྲྭ་ཐོག་དཔེ་མཛོད་ནང་ཉར་ཚགས་ཀྱིས་མི་རབས་རྗེས་མ་རྣམས་ཀྱིས་གང་འདོད་དུ་སྤྱོད་ཆོག་པ་ཞིག་བཟོ་རྒྱུ་ཡིན།

ང་ཚོས་ལྷོ་ཤར་ཨེ་ཤི་ཡའི་ནང་གཉེར་བའི་ལས་གཞི་ཆེ་ཤོས་གཉིས་པ།

ཁའ་མེར་གསུང་དཔེ་ལག་བྲིས་མ།

ང་ཚོས་ལྷོ་ཤར་ཨེ་ཤི་ཡའི་ནང་གཉེར་བའི་ལས་གཞི་ཆེ་ཤོས་གཉིས་པ་ཁའ་མེར་ཤུལ་བཞག་གསུང་དཔེ་ལག་བྲིས་མའི་ལས་གཞི་ཞེས་པ་འདི་ཡིན། ཚོགས་པ་L’Ecole française d’Extrême-Orient དང་ Digital Divide Data, གཉིས་ཀྱི་རོགས་རམ་ལ་བརྟེན་ནས་ཁ་མེར་ལག་བྲིས་མའི་གསུང་རབ་སྟོང་ཕྲག་འགའ་ཨང་བསྒྱུར་དང་དར་སྤེལ་གྱི་ལས་ལ་བརྩོན་བཞིན་ཡོད།

ཁམ་བྷོ་ཌི་ཡའི་རིན་ཆེན་གསུང་རབ་དག་ནི་ཁའ་མེར་གྱི་རིག་གཞུང་དང་། ནང་པའི་ལྟ་གྲུབ། སྒྱུ་རྩལ་སོགས་ཀྱི་མཛོད་ལྟ་བུ་ཞིག་ཏུ་གྱུར་ཡོད། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ཁམ་བྷོ་ཌི་ཡའི་གསུང་རབ་ཚང་མ་བདག་ཉར་བྱེད་ཐུབ་ཡོད་ལ། ཁའ་མེར་གྱི་རྩོམ་རིག་སྒྱུ་རྩལ་དང། ལོ་རྒྱུས། ཚན་རིག ཆོས། སྨན་སོགས་ཀྱང་ཉར་སྲུང་དང་རྒྱུན་སྤེལ་བྱེད་ཐུབ་ཡོད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་གསུང་རབ་དཔེ་ཚོགས་འདིའི་བརྒྱ་ཆ་ ༩༥-༩༨ ཙམ་ཟིང་ཆའི་སྐབས་(༡༩༧༠ དང་ ༡༩༨༠)བོར་བརླགས་སུ་སོང་ཡོད།

རྒྱུ་མཚན་འདིའི་རྐྱེན་གྱིས་གསུང་རབ་དཔེ་ཚོགས་འདིའི་ནང་ཡོད་པའི་ཁམ་བྷོ་ཌི་ཡའི་རིག་གཞུང་གི་ཆ་ཤས་མང་ཆེ་བ་ཞིག་བོར་བརླགས་སུ་སོང་། ཁའ་མེར་ཤུལ་བཞག་གསུང་དཔེ་ལག་བྲིས་མའི་ལས་གཞི་འདིས་ད་ཡོད་གསུང་རབ་རྣམས་དྲྭ་ཐོག་དཔེ་མཛོད་ནང་ཉར་ཚགས་ཀྱིས་མི་རབས་རྗེས་རྣམས་ཀྱིས་གང་འདོད་དུ་སྤྱོད་ཆོག་པ་ཞིག་བཟོ་རྒྱུ་ཡིན།

དུས་རབས་དང་མཐུན་པའི་དྲྭ་ལམ་མཉམ་ལས་དང་ཞིབ་འཇུག ཨང་བསྒྱུར་གྱི་མཉེན་ཆས་རིགས།

དྲྭ་ཐོག་གི་སྒྱུ་རྩལ་རིག་གནས་པ་དང་ཉམས་ཞིབ་པར་མཁོ་བའི་ཐབས་ལམ་གསར་བ།

ངེད་ཚོགས་པས་ཉར་སྲུང་གི་ཐབས་ལམ་གསར་བ་དང་མཉེན་ཆས་གསར་བ་བཟོས་ནས་ནང་བསྟན་གསུང་རབ་ཁག་དང་ཉམས་ཞིབ་ཀྱི་སྤྱོད་སྒོ་བདེ་རུ་གཏོང་བཞིན་ཡོད།

དེང་དུས་ཀྱི་འཕྲུལ་ལས་ཐབས་ལམ་རྩེ་ཕུད་དེ་སྤྱད་ནས་བརྗོད་གཞི་གསེད་བཀྲོལ་ལེགས་པོ་ཕྱེས་པས་ངེད་ཚོགས་པའི་དྲྭ་ཐོག་དཔེ་མཛོད་ནས་དཔེ་ཆ་འཚོལ་མགྱོགས་ཤིང་། བཀོལ་བདེ་བའི་ཁྱད་ཆོས་ཡོད།

ཐབས་ལམ་འདི་དག་བརྒྱུད་ནས་ངེད་ཚོགས་པས་ནང་བ་སྤྱི་ལ་མཁོ་བའི་མཐུན་རྐྱེན་གྱི་མཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དང་རྒྱལ་སྤྱིའི་སྒང་གི་དྲྭ་ཐོག་ནང་བསྟན་དཔེ་མཛོད་དང་དེ་འབྲེལ་གྱི་ཐབས་ལམ་གསར་པ་ཁག་ཡར་རྒྱས་གཏོང་བར་ཤུགས་རྒྱག་བཞིན་ཡོད།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་ང་ཚོའི་དྲྭ་ཐོག་དཔེ་མཛོད་དང་འབྲེལ་བའི་རྒྱུ་ཆ་རྣམས་ཐུན་མོང་གིས་བཀོལ་སྤྱོད་བྱ་ཕྱིར་གྷི་ཐབ་དྲྭ་ཚིགས་ནང་བཞག་ནས་སུ་ལ་མཁོ་རུང་བཀོལ་སྤྱོད་དང་ཕབ་ལེན་བྱེད་ཐུབ་པ་དང་རང་ཉིད་ཀྱི་མཉེན་ཆས་ནང་ཡང་སྒྲིག་སྦྱོར་བྱ་ཆོག་ཆོག་བཟོས་ནས་བཞག་ཡོད།

ང་ཚོས་ད་དུང་བོད་པ་ཚོས་གཉེར་བཞིན་པའི་བོད་ཀྱི་སྐད་བརྡ་རིག་པའི་ཞིབ་འཇུག་དང་གསུང་རབ་ཞིབ་འཇུག་ལ་འཁོ་བའི་བོད་ཀྱི་སྐད་ཡིག་གི་སློབ་ཚན་ཡང་དུས་ཐོག་དུས་ཐོག་ལ་འདོན་བཞིན་ཡོད།

སྒང་གི་དེ་ངེད་ཚོགས་པའི་དྲྭ་ཐོག་དཔེ་མཛོད་ཀྱི་བཤེར་པར་ཤོག་ངོས་ཤིག་བུདྡྷ་རྒྱབ་སྟེགས་གསར་བའི་ནང་འཆར་ཡོད་པ།

དྲྭ་ཐོག་གི་སྒྱུ་རྩལ་རིག་གནས་པ་དང་ཉམས་ཞིབ་པར་མཁོ་བའི་ཐབས་ལམ་གསར་བ།

ངེད་ཚོགས་པས་ཉར་སྲུང་གི་ཐབས་ལམ་གསར་བ་དང་མཉེན་ཆས་གསར་བ་བཟོས་ནས་ནང་བསྟན་གསུང་རབ་ཁག་དང་ཉམས་ཞིབ་ཀྱི་སྤྱོད་སྒོ་བདེ་རུ་གཏོང་བཞིན་ཡོད།

དེང་དུས་ཀྱི་འཕྲུལ་ལས་ཐབས་ལམ་རྩེ་ཕུད་དེ་སྤྱད་ནས་བརྗོད་གཞི་གསེད་བཀྲོལ་ལེགས་པོ་ཕྱེས་པས་ངེད་ཚོགས་པའི་དྲྭ་ཐོག་དཔེ་མཛོད་ནས་དཔེ་ཆ་འཚོལ་མགྱོགས་ཤིང་། བཀོལ་བདེ་བའི་ཁྱད་ཆོས་ཡོད།

སྒང་གི་དེ་ངེད་ཚོགས་པའི་དྲྭ་ཐོག་དཔེ་མཛོད་ཀྱི་བཤེར་པར་ཤོག་ངོས་ཤིག་བུདྡྷ་རྒྱབ་སྟེགས་གསར་བའི་ནང་འཆར་ཡོད་པ།

ཐབས་ལམ་འདི་དག་བརྒྱུད་ནས་ངེད་ཚོགས་པས་ནང་བ་སྤྱི་ལ་མཁོ་བའི་མཐུན་རྐྱེན་གྱི་མཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་སྒང་གི་དྲྭ་ཐོག་ནང་བསྟན་དཔེ་མཛོད་དང་དེ་འབྲེལ་གྱི་ཐབས་ལམ་གསར་པ་ཁག་ཡར་རྒྱས་གཏོང་བར་ཤུགས་རྒྱག་བཞིན་ཡོད། ངེད་ཚོགས་པས་ང་ཚོའི་དྲྭ་ཐོག་དཔེ་མཛོད་དང་འབྲེལ་བའི་རྒྱུ་ཆ་རྣམས་ཐུན་མོང་གིས་བཀོལ་སྤྱོད་བྱ་ཕྱིར་གྷི་ཐབ་དྲྭ་ཚིགས་ནང་བཞག་ནས་སུ་ལ་མཁོ་རུང་བཀོལ་སྤྱོད་དང་ཕབ་ལེན་བྱེད་ཐུབ་པ་དང་རང་ཉིད་ཀྱི་མཉེན་ཆས་ནང་ཡང་སྒྲིག་སྦྱོར་བྱ་ཆོག་ཆོག་བཟོས་ནས་བཞག་ཡོད།

ང་ཚོས་ད་དུང་བོད་པ་ཚོས་གཉེར་བཞིན་པའི་བོད་ཀྱི་སྐད་བརྡ་རིག་པའི་ཞིབ་འཇུག་དང་གསུང་རབ་ཞིབ་འཇུག་ལ་འཁོ་བའི་བོད་ཀྱི་སྐད་ཡིག་གི་སློབ་ཚན་ཡང་དུས་ཐོག་དུས་ཐོག་ལ་འདོན་བཞིན་ཡོད།