ང་ཚོའི་སྐོར།

ནང་བསྟན་དཔེ་ཚོགས་ལྟེ་གནས།

ནང་བསྟན་གསུང་རབ་སྲུང་སྤེལ་སྲི་ཞུ་སྒྲུབ་བཞིན་ཡོད།

ཚོགས་པའི་དམིགས་ཡུལ།

ནང་བསྟན་དཔེ་ཚོགས་ལྟེ་གནས་ནི། ནང་བསྟན་གསུང་རབ་རྣམས་འཚོལ་བསྡུ་དང་། ཉར་སྲུང། སྒྲིག་སྦྱོར། ཁྱབ་སྤེལ་སོགས་བྱེད་མཁན་གྱི་ཁེ་མེད་ཚོགས་པ་ཞིག་ཡིན། དེ་བཞིན་ཤེས་ཡོན་པ་དང་། ལོ་ཙཱ་བ། ཞིབ་འཇུག་པ། ཉམས་ལེན་པ་སོགས། དོན་གཉེར་ཅན་ཡོངས་ལ་སྐད་རིགས་སྣ་ཚོགས་ནང་ཡོད་པའི་དཔེ་ཆ་རང་དགར་སྤྱོད་ཐུབ་པ་དང་། ཤེས་ཡོན་དང་འཕྲུལ་རིགས་ཟུང་འབྲེལ་བྱས་ཏེ་ད་སྔ་གནས་ཡོད་པའི་ནང་བསྟན་རིག་གནས་ཀྱི་དཔེ་ཆ་རྣམས་འབྱུང་འགྱུར་གྱི་མི་རབས་རྣམས་ཀྱིས་ཀྱང་ལོངས་སུ་སྤྱོད་ཐུབ་པའི་ལས་ལ་འབད་བཞིན་ཡོད།

ཞལ་འདེབས་འབུལ་ཡུལ།

ང་ཚོའི་དྲ་ཐོག་ཡིག་མཛོད་ལ་གཟིགས།

མི་སྣ།

ངེད་ཚོགས་པའི་ལས་བྱེད་མི་སྣ་ཚང་མས་ཚོགས་པའི་དམིགས་ཡུལ་འགྲུབ་ཐབས་སུ་ཁ་ཞེ་གཉིས་མེད་དང་རང་ནུས་ཅི་ལྕོགས་ཀྱིས་ལས་འགན་སྒྲུབ་མུས་སུ་ཡོད།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ལོ་རྒྱུས་མདོར་བསྡུས།

Gene Smith at Home - New Delhi 1982

1997

ནང་བསྟན་དཔེ་ཚོགས་ལྟེ་གནས་གསར་འཛུགས་མཁན་སྐུ་ཞབས་རྗེན་སི་མེས་ཐིས་རྩིས་འཕྲུལ་རིག་པའི་ཐབས་ལམ་ལ་བརྟེན་ནས་སྔར་བྱུང་མ་མྱོང་བའི་ནང་བསྟན་གསུང་རབ་རྣམས་ཉར་ཚགས་དང་དར་སྤེལ་གཏོང་རྒྱུ་ཡོད་པར་ཤེས་ཏེ། ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ནས་ལས་ཡོལ་སྔ་ཞུས་བྱས་ནས། ཁོང་གི་མི་ཚེའི་ཐོག་མའི་དམིགས་ཡུལ་ཏེ་བོད་ཀྱི་རྩ་ཆེའི་དཔེ་ཆ་རྣམས་འཛམ་གླིང་ཡོངས་ཀྱིས་བཀོལ་ཐུབ་པའི་ལས་ལ་ཞུགས། { རྗེན་སི་མེས་ཐིའི་ལོ་རྒྱུས་ཀློག}(https://www.bdrc.io/%e0%bd%98%e0%bd%b2%e0%bc%8b%e0%bd%a6%e0%be%a3%e0%bc%8d/%e0%bd%a6%e0%be%90%e0%bd%b4%e0%bc%8b%e0%bd%9e%e0%bd%96%e0%bd%a6%e0%bc%8b%e0%bd%a0%e0%bd%87%e0%bd%b2%e0%bd%93%e0%bc%8b%e0%bd%a6%e0%bd%b2%e0%bc%8b%e0%bd%98%e0%bd%b2%e0%bc%8b%e0%bd%90%e0%bd%b2%e0%bc%8d/?lang=bo/)

TBRC Logo

1999

སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་(Gene Smith)གྱིས་ཨ་རིའི་མ་ས་ཆུས་སིར་ཡོད་པའི་རང་ཁྱིམ་དུ་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་(TBRC)གསར་དུ་བཙུགས་ཤིང་། ཁོང་སྒེར་གྱིས་འཚོལ་བསྡུ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཚོགས་གང་ཡོད་རྣམས་བཤེར་འབེབས་བྱས་ཏེ་བཤེར་པར་རྣམས་ཟེར་ལྡེར་ནང་བླུགས་འགོ་བརྩམས།

Among Tibetan Texts Gene Smith's book

2001

སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་(Gene Smith)གྱི་བརྩམས་དེབ་བོད་ཡིག་དཔེ་ཚོགས་གླེང་བ་ཞེས་པ་དེ་པར་དུ་སྐྲུན།

Jeff Wallman BDRC Executive Director Emeritus

2009

དེ་སྔའི་འཕྲུལ་ལས་འགན་འཛིན་པ་རྗེ་ཧྥུ་ཝལ་མན་ཚོགས་པའི་འཛིན་སྐྱོང་འགན་འཛིན་ལ་བསྐོས།

Digital Dharma Dafna Yachin's documentary

2012

སྐུ་ཞབས་འཇམ་དབྱངས་རྣམ་རྒྱལ་གྱིས་བོད་ཀྱི་རིག་གཞུང་མྱུར་སྐྱོབས་གནང་ཚུལ་གྱི་དངོས་དོན་མཚོན་པའི་གློག་བརྙན་གློག་རྡུལ་ཅན་གྱུར་གྱི་དམ་ཆོས་ཞེས་པ་དེ། Dafna Yachinཡིས་བཟོས་ཅིང་Lunchbox Communicationsབརྒྱུད་འགྲེམས་སྤེལ་བྱས།

Text at Fragile Palm Leaves Foundation

2015

ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་གཞུང་ལུགས་ཉར་ཚགས་ཀྱི་ལས་གཞི་ལས་རྒྱ་བསྐྱེད་དེ། བོད་བརྒྱུད་ཙམ་མིན་པར་ནང་བསྟན་སྤྱི་དང་འབྲེལ་བའི་གསུང་རབ་རྣམས་ཀྱང་ཉར་ཚགས་ཀྱི་ལས་གཞིའི་ཁོངས་སུ་འཛིན་རྒྱུར་འོས་བསྡུའི་ལམ་ནས་ཐག་གཅོད་བྱུང་།

BDRC Logo

2016

་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་(TBRC)ཞེས་པ་དེ་ནང་བསྟན་དཔེ་ཚོགས་ལྟེ་གནས་(BDRC) ཞེས་པར་དངོས་སུ་མིང་འགྱུར་བྱས་ལ། ཏ་ལའི་ལོ་མའི་དཔེ་རྙིང་ཉར་ཚགས་ཁང་དུ་ཨེ་ཤེ་ཡ་ཤར་ལྷོ་མའི་གློག་རྡུལ་ཡིག་ཆ་གཅེས་སྐྱོབས་ཀྱི་ལས་གཞི་ཐོག་མར་བཙུགས་པ་མ་ཟད། བོད་ཡིག་དཔེ་ཚོགས་ཀྱི་ལས་གཞི་ཡང་མུ་མཐུད་དུ་བསྐྱངས་ཡོད།

2017

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་བུདྡྷ་རྒྱབ་སྟེགས་(BUDA)ཟེར་བའི་རྒྱལ་སྤྱིའི་ནང་བསྟན་དྲ་ཐོག་དཔེ་མཛོད་ཀྱི་རྒྱབ་སྟེགས་མཉེན་ཆས་ཤིག་བཟོ་བསྐྲུན་བྱེད་འགོ་བཙུགས་ཡོད།

2018

སྐུ་ཞབས་འཇན་རོའོ་ནིས་ཀྱིས་རྗེ་ཧྥི་ཝལ་མན་གྱི་ཚབ་ལ་འཛིན་སྐྱོང་འགན་འཛིན་གྱི་འགན་བླངས། {འཇན་རོའོ་ནིས་ཀྱི་སྐོར་གཟིགས་དང་།}(https://www.bdrc.io/jann-ronis/)

picture of main search bar, with menu expanded

2021

BDRCཡིས་དྲ་ཚིགས་གསར་པ་སྟེ་བུདྡྷ་(BUDA)དྲ་ཚིགས་བཤམས་ཡོད་ཅིང་། དྲ་ཚིགས་རྙིང་པ་tbrc.orgསྤྱོད་མཚམས་བཞག་ཡོད། བུདྡྷ་(BUDA)ནི་འཛམ་གླིང་ཐོག་གི་གྲངས་གྱུར་ནང་བསྟན་གསུང་རབ་ཀྱི་དཔེ་མཛོད་ཆེ་ཤོས་དེ་ཡིན་པ་མ་ཟད། བུདྡྷ་(BUDA)ནི་གཞི་གྲངས་སྦྲེལ་མཐུད་སྒོ་དབྱེའི་ཡིག་ཚགས་ལྟེ་གནས་ཤིག་ཏེ། ནང་བསྟན་ཉམས་ཞིབ་པ་དང་ལོ་ཙཱ་བ། དེ་བཞིན་ནང་ཆོས་སློབ་གཉེར་བ་སོགས་ལ་ཞིབ་འཇུག་ལག་ཆ་དང་ལག་རྩལ་གསར་གཏོད་མཁོ་འདོན་ཞུ་བཞིན་ཡོད་པ་རེད།

དེང་སང་ནི།

བོད་ཡིག་དང་སོག་ཡིག ཁེ་མེར་གྱི་ཡི་གེ་དང་འབར་མའི་ཡི་གེ་སོགས་ཡིག་རིགས་གཞན་མང་པོའི་ནང་བསྟན་གསུང་རབ་ཉར་སྲུང་ཞུ་བཞིན་ཡོད་པ་མ་ཟད། ད་དུང་བོད་ཡིག་གི་འཁྲུལ་འཁོར་ཡིག་སྒྱུར་དང་ལག་བྲིས་ཡིག་ཆ་ངོས་འཛིན། དེ་བཞིན་གློག་རྡུལ་ཡིག་རིགས་ཀྱི་ཚད་མཐོའི་བཀོལ་སྤྱོད་སོགས། མདོར་ན་BDRCཡིས་འགྲོ་མིའི་རིག་གནས་གྲངས་གྱུར་ལས་རིགས་ཁྲོད་ཀྱི་སྔོན་ཐོན་ལས་དོན་ལ་འབད་འབུངས་ཞུ་བཞིན་ཡོད་དོ།།