འཇན་རོའོ་ཎིས།

ངོ་སྤྲོད།

འཇན་རོའོ་ཎིས་ལགས་ནི། ནང་བསྟན་དཔེ་ཚོགས་ལྟེ་གནས་སུ་བོད་རིག་པའི་རྒྱབ་ལྗོངས་ལྡན་ཞིང་ཆོས་དང་རིག་གཞུང་སྲུང་སྐྱོབ་ལ་སྤྲོ་སྣང་དང་བཅས་ལག་བསྟར་འགན་འཛིན་དུ་ཕེབས་པ་ཞིག་ཡིན། ཞིབ་འཇུག་གནང་ཡུལ་གཙོ་བོ་ནི་དུས་རབས་བཅུ་བདུན་དང་བཅོ་བརྒྱད་གཉིས་སུ་བྱུང་བའི་སྡེ་དགེ་རྒྱལ་རབས་དང་། དམིགས་གསལ་ཁུལ་དེ་གའི་རྙིང་མའི་དགོན་སྡེའི་སྐོར་ལ་ཡིན། ཉེ་བའི་ལོ་ཤས་རིང་ཁོང་གིས་བོད་ཀྱི་གནའ་དེང་རྩོམ་རིག་དང་རིག་གཞུང་ལ་ཞིབ་འཇུག་སློབ་གཉེར་གནང་བ་དང་། དེ་བཞིན་ཁམས་དང་དབུས་གཙང་གཉིས་ཀའི་སྐད་ཡིག་ལ་བྱང་ཆུབ་པ་མ་ཟད་རྒྱ་སྐད་ཀྱང་ཚེགས་མེད་མཁྱེན་གྱི་ཡོད།

ཁོང་གིས་ཝར་ཇི་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོ་(University of Virginia)ནས་རབ་འབྱམས་པ་དང་འབུམ་རམས་པ་གཉིས་ཀའི་སློབ་ཐོན་ལག་ཁྱེར་བཞེས་ཤིང་། ༡༩༩༥ ལོ་ནས་བཟུང་ཨེན་ཊི་ཨག་སློབ་ཆེན་(Antioch College)གྱི་ནང་ཆོས་སློབ་གཉེར་འཆར་འགོད་ནང་བཞུགས་ཏེ། རྒྱ་གར་རྡོ་རྗེ་གདན་དུ་བོད་སྐད་དང་བོད་ཡིག་སྦྱང་འགོ་བཙུགས་པ་དང་། ལོ་རྗེས་མར་མུ་མཐུད་ནས་བལ་ཡུལ་དུ་ཝི་སི་ཀོན་སན་(University of Wisconsin)སློབ་མའི་གྲས་སུ་བོད་སྐད་ཡིག་སྦྱངས། དེ་སྔ་རབ་འབྱམས་པའི་ལག་ཁྱེར་ཐོབ་མཚམས། སྤྱི་ལོ་༢༠༠༠ ལོར་ཁམས་ཁུལ་དུ་གཅིག་པུར་འགྲུལ་བཞུད་གནང་ཞིང་། ༢༠༠༡ ལོའི་དབྱར་དུས་སུ་བོད་ཀྱི་རྒྱལ་ས་ལྷ་སར་བོད་དང་ཧི་མ་ལ་ཡའི་དཔེ་མཛོད་ཁང་(Tibetan and Himalayan Library)དུ་མཉམ་བཞུགས་གནང་། དེ་ནས་བཟུང་ཁོང་ལ་གྲངས་རིག་དཔེ་མཛོད་ཀྱི་སྐོར་ལ་དོ་སྣང་དང་ཉམས་མྱོང་ལེགས་པོ་བྱུང་།

༢༠༠༥ ལོར་ཨ་རིའི་ཆེས་མཐོའི་ཉམས་ཞིབ་སློབ་ཡོན་(Fulbright doctoral research grant)ཐོབ་ནས། ཟླ་༡༨ རིང་པེ་ཅིན་དང་ཁམས་ཁུལ་དུ་ཞིབ་འཇུག་སློབ་མ་གནང་བ་དང་། དེ་རྗེས་འདི་གའི་བསྟི་གནས་སུ་ལོ་གཅིག་རིང་ཕྱག་ལས་གནང་། ལྟེ་གནས་འདི་གསར་འཛུགས་མཁན་མཁས་དབང་འཇམ་དབྱངས་རྣམ་རྒྱལ་(E. Gene Smith)དང་། འཇེབ་ཝལ་མན་(Jeff Wallman)༼སྐབས་དེར་ལག་རྩལ་འགན་འཛིན་ཡིན།༽མཉམ་དུ་དཔེ་མཛོད་ཀྱི་དཀར་ཆག་དང་ས་བཅད་ཀྱི་མཉེན་ཆས་བཟོ་བའི་ཕྱག་རོགས་དང་། དཀར་ཆག་དང་ས་བཅད་མང་དུ་བཟོས་ཤིང་ལས་ཞོར་སློབ་གཉེར་གནང་།

ཁོང་གིས་ནང་བསྟན་དཔེ་ཚོགས་འདི་འཛམ་གླིང་ཧྲིལ་པོར་ཕན་ཐོགས་དང་། རྩ་ཆེ་བའི་ཆོས་དང་རིག་གཞུང་ཞིག་དེང་དུས་ཀྱི་ཚན་རིག་ལག་རྩལ་ལ་བརྟེན་ནས་མི་ཉམས་རྒྱུན་འཛིན་དང་ཡུན་གནས་ཆེད་རང་ནུས་ཅི་ཡོད་འདོན་རྒྱུའི་ཆོད་སེམས་ཡོད་གསུངས།

༢༠༡༡ ལོར་བྷཱར་ཀི་ལི། ཁེ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་ཆེན་(University of California, Berkeley)དུ་གནས་སྤོས་གནང་ཞིང་དེ་ཀའི་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོར་ནང་ཆོས་དང་བོད་ཀྱི་རིག་གནས་སློབ་ཁྲིད་གནང་དེ་ལོ་བདུན་གྱི་རིང་བཞུགས།

ཁོང་གིས་ནང་བསྟན་དཔེ་ཚོགས་འདི་འཛམ་གླིང་ཧྲིལ་པོར་ཕན་ཐོགས་དང་། རྩ་ཆེ་བའི་ཆོས་དང་རིག་གཞུང་ཞིག་དེང་དུས་ཀྱི་ཚན་རིག་ལག་རྩལ་ལ་བརྟེན་ནས་མི་ཉམས་རྒྱུན་འཛིན་དང་ཡུན་གནས་ཆེད་རང་ནུས་ཅི་ཡོད་འདོན་རྒྱུའི་ཆོད་སེམས་ཡོད་གསུངས།

ཁོང་གི་བརྩམས་ཆོས།

  • "A Letter To the Queen" in A Gathering of Brilliant Moons: Practice Advice from the Rimé Masters of Tibet, eds. Holly Gayley and Joshua Schapiro (Wisdom Publications), 2017, pp. 109-122.
  • "The Prolific Preceptor: Si tu paṇ chen's Career as Ordination Master in Khams and Its Effect on Sectarian Relations in Sde dge." Journal of the International Association of Tibetan Studies, no. 7, August 2013, pp. 49-85. http://www.thlib.org?tid=T5751.
  • "Deeds of the Dergé King" in Sources of Tibetan Tradition, eds. Kurtis Schaeffer, Matthew Kapstein, and Gray Tuttle (Columbia University Press), 2013, pp. 607-613.
  • "Powerful Women of Degé: Reassessing the Reign of Tsewang Lhamo (d. 1812)." Revue d'Etudes Tibétaines, no. 22, November 2011, pp. 61-82; published as part of the proceedings of the second seminar of the International Seminar of Young Tibetologists (Paris), 2009.
  • "Bdud 'dul rdo rje (1615-1672) and Rnying ma adaptations to the Era of the Fifth Dalai Lama." In Power, Politics, and the Reinvention of Tradition: Tibet in the Seventeenth and Eighteenth Centuries, eds. Bryan Cuevas and Kurtis Schaeffer (Leiden: Brill), 2006, pp. 171-186.