བོད་ཀྱི་ཆོས་རིག་མ་འོངས་ཡུན་དུ་བརྟན་གནས་ཀྱི་རྟེན་འབྲེལ་སྒྲིག་ཆེད།

ང་ཚོ་དང་ལྷན་དུ་ཉེར་ལྔའི་དུས་ཆེན་སྲུང་བརྩི་ཞུ་བར་ཕེབས་གནང་ཞུ།

༢༠༢༤ ལོའི་ཟླ་བ་དགུ་པའི་ཚེས་ཉེར་བརྒྱད་ནི། ནང་པའི་གྲངས་རྟགས་ཀྱི་ཡིག་ཆའི་ལྟེ་གནས་འདི་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་ཡིན། ༡༩༩༩ ལོ་ནས་བཟུང་། ང་ཚོའི་རྒྱབ་སྐྱོར་བ་དང་ས་གནས་ཀྱི་ཚོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་ནང་པའི་གྲངས་རྟགས་ཀྱི་ཡིག་ཆའི་ལྟེ་གནས་འདིས་དཔེ་ཆ་དཀོན་རིགས་དང་བརླག་ཉེའི་རིགས་དུ་མ་བཙལ་ནས་གྲངས་རྟགས་སུ་བསྒྱུར་ཡོད། དུས་རབས་བཞི་ཆ་གཅིག་གི་རིང་ལ་བརྩོན་པ་ལྷོད་མེད་བྱས་པའི་རྗེས་སུ། ང་ཚོ་ཐུན་མོང་ནས་ནང་པ་བོན་དང་བཅས་པའི་དཔེ་ཆ་ཤོག་གྲངས་ས་ཡ་གསུམ་ལྷག་ཉར་ཚགས་བྱས་ཏེ་འཛམ་གླིང་ཡོངས་ལ་རིན་མེད་དུ་མཁོ་འདོན་བྱས་ཡོད། ང་ཚོའི་ཡུན་གནས་ཐུབ་པའི་ཆེད་དུ་ལོ་འཁོར་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་གནང་རོགས། BDRC ནང་པའི་དཔེ་རྒྱུན་འདི་ཉམས་མེད་ཡུན་གནས་ཡོང་བའི་ཆེད་དུ་མཉམ་རུབ་ཀྱི་མ་དངུལ་གཏོང་གནང་ཡོད་པ་ཞུ།།   ཁྱེད་ཀྱི་རྒྱབ་སྐྱོར་ཡོད་ན་ང་ཚོས་མ་འོངས་ལོ་ཉེར་ལྔའི་རིང་ལས་དོན་རྒྱུན་འཁྱོངས་བྱེད་ཐུབ།

འབྱུང་བ་དང་ཆབ་སྲིད་བརྟན་ལྷིང་མེད་པས་གསུང་རབས་རྣམས་ཉམས་ཆག་ཏུ་འགྲོ་སླ་བའི་ཉེན་ཁ་ལས་སྲུང་སྐྱོབ་བྱེད་པ།

གསུང་རབས་ཀྱི་དགོངས་དོན་རྟོགས་སླ་རུ་གཏོང་བའི་ཆེད་དུ་འཕྲུལ་ཆས་ལག་རྩལ་གསར་གཏོད་བྱེད་པ།

སྲོལ་རྒྱུན་དཔེ་ཚོགས་རྣམས་གྲངས་འཛིན་ཐོག་ནས་ཉར་ཚགས་བྱེད་པའི་སྲོལ་རྒྱུན་གྱི་ཕྱོགས་ལ་སྔར་ལས་རང་སྟོབས་ཀྱི་ཉམས་སྲུང་བྱ་རྒྱུར་རོགས་རམ་་བསྐུལ་མ་ཞུ།

བརྙན་སྒྲོན་གྱི་ཁ་བྱང་། འཛམ་གླིང་གི་སྟེང་དུ་ནང་པའི་ཆོས་རིག་ཉར་ཚགས་བྱེད་པའི་གནད་དོན་འགངས་ཆེ་འགའ།

མཛད་སྒོར་མཉམ་བཞུགས་གནོངས།

ཟླ་བ་དགུ་པའི་ཚེས་ཉི་ཤུ། རེས་གཟའ་པ་སངས་ཉིན། ནིའུ་ཡོག་གྲོང་ཁྱེར་རུའུ་སྦིན་འགྲེམས་སྟོན་ཁང་།

BUDDHIST WISDOM FROM PALM LEAF TO PIXEL with Donald S. Lopez and Michael Imperioli

གསུང་བཤད་གནང་མཁན་ཌོ་ནལཌ། ལོ་པེ་ཛི་དང་། མེ་ཁིལ་ཨེན་ཊི་ཕོ་ལི།

ཏ་ལའི་ལོ་མ་ནས་པིཀ་སིལ་ལ་ཐུག་པའི་ནང་པའི་ཤེས་རབ་ཅེས་པའི་ལེ་ཚན་ཞིག

ནིའུ་ཡོག་ཏུ་ང་ཚོ་དང་མཉམ་དུ་དགོང་དྲོ་དེ་མཉམ་བཞུགས་གནང་རོགས།  

གནའ་བོའི་དུས་ནས་དེང་སང་བར་དང་མ་འོངས་པའི་བར་གྱི་ཆོས་ལུགས་རིན་ཐང་དང་ཤེས་བྱ་རྣམས་དུས་རབས་དང་རིག་གཞུང་བར་ཇི་ལྟར་འགྱུར་བ་ཕྱིན་པའི་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཡིན། མཁས་དབང་གྲགས་ཅན་ཌོ་ནལ་ཌི་ཨེ་སི་ལོ་པེ་ཛི་ནས་གཏམ་བཤད་གནང་རྒྱུ་དང་། འཁྲབ་སྟོན་པ་དང་རྩོམ་པ་པོ་མ་ཡི་ཁལ་ཨིམ་པེ་རི་ཡོ་ལི་ནས་ནང་པའི་ཀློག་འདོན་གྱི་འཁྲབ་སྟོན་གནང་རྒྱུ། དེ་བཞིན་སྐུ་མགྲོན་སྒྱུ་རྩལ་བ་ཁག་ནས་རོལ་དབྱངས་ཀྱི་འཁྲབ་སྟོན་གནང་རྒྱུ་བཅས་ཡིན་པས། དགོང་དྲོ་འདི་ནི་ཕྱོགས་མང་པོའི་ཐོག་ནས་དགའ་སྟོན་མཛད་སྒོ་ཞིག་ཏུ་འགྱུར་བའི་ཁས་ལེན་བྱེད་ཐུབ།

འགྲེམས་སྟོན་ཁང་ནི་་གཏམ་བཤད་མ་བྱས་གོང་དང་རྗེས་སུ་སྒོ་ཕྱེ་ཡོད་པས། རུའུ་སྦིནན་འགྲེམས་སྟོན་ཁང་གི་ད་ལྟའི་རྣམ་པ་དེ་འགྱུར་བ་མ་བྱུང་གོང་གི་གཟིགས་རྒྱུའི་གོ་སྐབས་མཐའ་མ་དེ་ཡང་་ཡིན། ནང་པའི་བསྟི་གནས་གཙོ་བོ་གཉིས་ཀྱི་ལེགས་བཅོས་གོང་འཕེལ་གྱི་དུས་སྟོན་དུས་གཅིག་ཏུ་རྟེན་འབྲེལ་ཞུ་བའི་གོ་སྐབས་འདི་མ་ཤོར་བ་གནང་རོགས།

གོ་སྐབས་འདི་དམ་བཟུང་གནང་རོགས།