འཛམ་གླིང་ཐོག་གི་་ནང་ཆོས་ཀྱི་དྲ་རྒྱའི་ཡིག་ཚགས་ཆེ་ཤོས་ཡུན་གནས་ཐུབ་པའི་མ་འོངས་པ།

རིག་གནས་རེ་རེ་ནི་རྒྱུན་འཛིན་དང་གསོ་སྐྱོང་བྱེད་འོས་པའི་རྩ་ཆེའི་མེ་ཏོག་ཅིག་ཡིན། དེ་ལྟར་ན་དེའི་མིག་དཔེར་གྱུར་བ་མཁས་དབང་ཨི་ཇིན་སི་མིད་མཆོག་ཡིན།

སྙན་གྲགས་ཆེ་བའི་མཁས་དབང་ཇིན་སི་མིད་ཡིས་ནང་པའི་གསུང་རབ་རྣམས་འཛམ་གླིང་ལ་འགྲེམས་སྤེལ་བྱེད་པའི་རྒྱལ་སྤྱིའི་ཐབས་ཤེས་་མགོ་བརྩམས་ཤིང་། ཁོང་གིས་བཞག་གནང་བའི་་ལེགས་སྐྱེས་ནི་འཛམ་གླིང་གི་ནང་པའི་གསུང་རབ་ཀྱི་ཚད་ལྡན་གྲངས་རྟགས་དཔེ་མཛོད་ཁང་ཆེ་ཤོས་དེ་ཡིན།

ལོ་ངོ་ཉི་ཤུ་རྩ་ལྔའི་རྗེས་སུ་ནང་བསྟན་དཔེ་ཚོགས་ལྟེ་གནས་་ཁང་ནི་འཛམ་གླིང་ཡོངས་ཀྱི་མི་སྟོང་ཕྲག་མང་པོར་རིན་ཐང་བྲལ་བའི་ཤེས་ཡོན་ཐོན་ཁུངས་ཤིག་ཡིན། ཁོང་ཚོས་སློབ་ཁྲིད་དང། སློབ་སྦྱོང་། ཉིན་རེའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དགོས་པའི་གལ་ཆེའི་གསུང་རབ་འཚོལ་ཐུབ་པ་མ་ཟད་། ཐད་དྲི་བ་དྲིས་ལན་གྱིས་ཕན་པ་སྒྲུབ་ཀྱི་ཡོད།

ང་ཚོས་དོན་སྙིང་ལྡན་པའི་དུས་དྲན་འདི་སྲུང་བརྩི་བྱེད་པ་དང་ཆབས་ཅིག་ང་ཚོའི་དམིགས་གཏད་རྒྱུན་བརྟན་ཐུབ་པའི་མ་འོངས་པ་ཞིག་གི་ཕྱོགས་སུ་ཁ་བསྒྱུར་ཡོད། ནང་པའི་ཆོས་ལུགས་ཡོངས་ཀྱི་ཡིག་ཚགས་ཀྱིས་སྒེར་དང་སྤྱི་ཚོགས། འཛམ་གླིང་ཐོག་ཤེས་རིག་གི་དཀའ་ངལ་རྣམས་ལ་སེལ་ཐབས་མཁོ་སྤྲོད་བྱེད་པས་ན། ཡོངས་ཁྱབ་ཀྱི་ཤེས་རབ་འདི་བརླག་མི་རུང་བ་མ་ཟད། ཚན་རྩལ་འཕེལ་རྒྱས་དང་ལྷན་དུ་ང་ཚོས་ནུས་པ་འདི་དག་རྒྱུན་འཁྱོངས་ཡོང་བར་མཉམ་རུབ་གནང་རྒྱུར་རེ་སྐུལ་ཞུ་ཡི་ཡོད། 

ནང་པའི་གཅེས་ནོར་འདི་དག་མ་འོངས་པ་བདེ་འཇགས་དང་ཡུན་གནས་ཐུབ་པ་ཞིག་དགོས།

ཁྱེད་རང་གིས་འཛམ་གླིང་ཡོངས་ལ་ནང་པའི་དཔེ་དཀོན་བྲིས་མ་ས་ཡ་མང་པོ་ཐོབ་ཐུབ་པར་རྒྱབ་སྐྱོར་གནང་ཐུབ་བམ།

ཁྱེད་ཀྱི་རོགས་རམ་འོག་མ་འོངས་པའི་ལོ་ངོ་ ༢༥ ནང་།

ནང་བསྟན་གྱི་དབུ་ཁྲིད་དང་སློབ་དཔོན་ཚོས་མི་རབས་རྗེས་མ་རྣམས་ལ་སྲོལ་རྒྱུན་རྒྱབ་སྐྱོར་བྱེད་པ།

ལོ་ཙཱའི་བྱ་གཞག་རྫོགས་མཐའ་མེད་པར་ནུས་ལྡན་བཟོ་ཐུབ་པ།

ཉམས་ལེན་བྱེད་མཁན་དང་སྒོམ་ཆེན་པ་ཚོར་ཆོས་བོགས་འདོན་གྱི་རྒྱུ་ཆ་མཁོ་འདོན་བྱེད་པ།

ནང་པའི་གསུང་རབ་ཡིག་རྙིང་རྣམས་མིས་བཟོས་རིག་ནུས་ཀྱི་དུས་རབས་སུ་འཁྱེར་བའི་འཕྲུལ་ལས་གསར་པ་བཟོ་བ།

དཔེ་རྙིང་ད་བར་ཤེས་མ་ཐུབ་པའི་གསང་བ་ཞིབ་འཇུག་ལ་སྐུལ་མ་་གཏོང་བ།

འཇིག་ཉེན་ཆེ་བའམ་ཡང་ན་མཐོང་དཀའ་བའི་ཡིག་རྙིང་སྟོང་ཕྲག་མང་པོའི་གྲངས་རྟགས་སྲུང་སྐྱོབ་བྱེད་པ།

སྦྱིན་པ་གནང་སྟངས།

ཁྱེད་རང་གིས་ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་དགེ་མཚན་ལྡན་པའི་རྒྱབ་སྐྱོར་གནང་བ་དེ་ཁྱེད་རང་གིས་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་ངམ་དེ་ལས་མང་བ་ནང་ཆོས་ཁྱབ་སྤེལ་གཏོང་བའི་ཐབས་ལམ་ཞིག་ཡིན།

གཤམ་དུ་ཁྱེད་ཀྱིས་བྱམས་བརྩེ་མཚོན་པའི་སྦྱིན་པ་གཏོང་བའི་ཐབས་མི་འདྲ་བ་གསུམ་ཡོད།

ཞལ་འདེབས་ཤོག་ངོས་འདི་ལ་གཟིགས།

Donate cryptocurrency

ང་ཚོ་དང་་མཉམ་ལས་ཀྱིས་མ་དངུལ་ཞལ་འདེབས་གནོངས། ཁྱེད་ཀྱི་ཞལ་འདེབས་དེ་འཕྲལ་མར་ཨ་སྒོར་ལ་བསྒྱུར་ངེས།

ཞལ་འདེབས་ཤོག་ངོས་འདི་ལ་གཟིགས།

Donate cryptocurrency

ང་ཚོ་དང་་མཉམ་ལས་ཀྱིས་མ་དངུལ་ཞལ་འདེབས་གནོངས། ཁྱེད་ཀྱི་ཞལ་འདེབས་དེ་འཕྲལ་མར་ཨ་སྒོར་ལ་བསྒྱུར་ངེས།

Mail a check

ཁྱེད་ཀྱི་དངུལ་ཁང་གི་རྩིས་ཐོའམ་ཞལ་འདེབས་སློབ་སྟོན་ཐེབས་རྩ་ནས་དངུལ་འཛིན་ཞིག་འདི་ལ་སྐུར་རོགས། Buddhist Digital Resource Center198 Tremont St. #421Boston, MA, USA 02116