ངེད་ཚོགས་པའི་བཀོལ་སྤྱོད་སྲིད་བྱུས།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་བཀོལ་སྤྱོད་སྲིད་བྱུས་ནི་སྐུ་ཞབས་རྗེན་སི་མེ་ཐིས་གཏན་འབེབས་ཐོག་མར་བྱས་ཤིང་། ༢༠༠༤ ལོ་ནས་བཟུང་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་ཐོག་དཔེ་མཛོད་ནང་བཀོད་ཡོད། ༢༠༡༢ ལོར་འགན་འཛིན་ལྷན་ཚོགས་ཀྱིས་བསྐྱར་ཞིབ་བྱས། ཕྱི་ལོ་༢༠༡༤ དང་༢༠༡༩ ལོར་ཧ་ལྦར་ཊི་གཙུག་ལག་སློབ་གཉེར་ཁང་གི་བདག་དབང་སྐོར་གྱི་སློབ་སྟོན་པ་Kyle Courtney མཆོག་གིས་བསྐྱར་ཞིབ་གནང་རྗེས་འགན་འཛིན་ལྷན་ཚོགས་ཀྱིས་བསྐྱར་བསྒྲིགས་བྱས།

 

ང་ཚོའི་བཀོལ་སྤྱོད་སྲིད་བྱུས་ལག་བསྟར་ལ་དམིགས་ཡུལ་གཉིས་ཡོད་དེ།

 

      ༡  རིག་གཞུང་རྒྱུན་གནས་ཡོང་བར་དཔེ་ཆ་བལྟ་ཀློག་མང་བ་ཡོང་ཐབས།

      ༢  རྩོམ་པ་པོ་དང་དཔར་སྐྲུན་པ་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབས།

 

ང་ཚོའི་དྲ་ཐོག་དཔེ་མཛོད་ནང་ཐོ་འགོད་བྱས་རྗེས། དེའི་ནང་གི་བཀག་རྒྱ་མེད་པའི་དཔེ་ཆ་རྣམས་གང་འདོད་དུ་ཕབ་ལེན་བྱ་ཆོག གལ་སྲིད་ཁྱེད་ཀྱིས་ཐོ་འགོད་བྱས་མེད་ཚེ་དཔེ་ཆ་རེ་རེའི་རྒྱབ་མདུན་གཉིས་ནས་ཤོག་ངོས་ཉི་ཤུ་ལས་ལྷག་ལྟ་ཀློག་བྱེད་མི་ཐུབ། ཐོ་འགོད་དང་འབྲེལ་བའི་དོགས་འདྲིའི་རིགས་ཡོད་ཚེ་གཤམ་གྱི་གློག་འཕྲིན་ཐོག་འབྲེལ་བ་གནང་རོགས།

 

help@bdrc.io

བཀག་རྒྱ་མེད་པ།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་སྤྱི་སྤྱོད་དཔེ་ཆ་(Public Domain)ཁག་ཅིག་སྤྱི་ཚོགས་ལ་འགྲེམ་བཞིན་ཡོད། དཔེ་ཆ་འདིའི་རིགས་ལ་བཀག་རྒྱ་གང་ཡང་མེད་པས་བརྒྱུད་བསྐུར་དང་། བཅོས་སྒྲིག ཚོང་བསྒྱུར་སོགས་གང་འདོད་ལྟར་བྱ་ཆོག བཀོལ་སྤྱོད་བྱེད་ཚེ་བརྩམས་ཆོས་ཡོང་ཁུངས་ཀྱི་གསལ་བཤད་འགོད་ཐུབ་པ་བྱ་རོགས།

བཀག་རྒྱ་ཅན།

བདག་དབང་གི་བཀག་རྒྱ།

བདག་དབང་ཅན་གྱི་དཔེ་ཆ་ཡིན་ན། དེའི་རྒྱབ་མདུན་གཉིས་ནས་ཤོག་ངོས་ཉི་ཤུ་ཉི་ཤུ་ལས་ལྷག་བལྟ་ཀློག་བྱེད་མི་ཐུབ་པར་མ་ཟད། ང་ཚོའི་ཚོགས་པར་དཔེ་ཆ་འདིའི་རིགས་མི་གཞན་གྱིས་པར་སྐྲུན་བྱེད་ཆོག་དང་མི་ཆོག་གི་དབང་ཆ་སྤྲོད་པའི་ཐོབ་ཐང་ཡང་མེད།

བཀའ་རྒྱ་མའི་བཀག་རྒྱ།

བཀའ་རྒྱ་མ་ནི། ཆོས་བརྒྱུད་སོ་སོའི་ཕྱག་སྲོལ་བཞིན་རང་དགར་བལྟ་ཀློག་བྱ་མི་ཆོག་པའི་དཔེ་ཆའི་རིགས་ཡིན། ང་ཚོའི་དྲ་ཚིགས་ནང་གི་བཀའ་རྒྱ་མ་ནི་བསྟན་བདག་སོ་སོའི་ཐུགས་དགོངས་ལྟར་བཞག་ཡོད།

སྤུས་ཚད་ཞན་པའི་བཀག་རྒྱ།

དཔེ་ཆ་འགའ་རེ་གནས་སྟངས་སྣ་ཚོགས་ཀྱི་རྐྱེན་པས་ཆ་མི་ཚང་བའམ། སྤུས་ཀ་ཞན་པས་བཀག་རྒྱ་བྱས་ཡོད། བཀག་རྒྱ་འདི་འཇོག་དང་མི་འཇོག་གི་ཐག་གཅོད་ངེད་ཚོགས་པས་བྱེད་ལ། སྤུས་ལེགས་རིགས་ཐོན་ཚེ་དེ་ཉིད་ཀྱི་དྲ་ཐག་དེར་བཀོད་ཡོད།

བཀག་རྒྱ་གཞན།

དཔེ་ཆ་འགའ་རེ་དགོས་དབང་གིས་འགྲེལ་བཤད་གང་ཡང་མེད་པར་བཀག་རྒྱ་བྱས་ཡོད།

བཀག་རྒྱ་བྱེད་ཚུལ།

དཔེ་ཆའི་རིགས་དང་འགྲེལ་བཤད།

བྲིས་མ་དང་ཤིང་པར་གྱི་བཤེར་པར། དཔེར་ན། དུས་རབས་བརྒྱད་པའི་ནང་རྒྱ་གར་དང་། རྒྱ་ནག སོག་པོ། འབྲུག་ཡུལ། བལ་ཡུལ་སོགས་ནས་ཐོན་པའི་དཔེ་ཆ་ལྟ་བུ།

 

འགྲེལ་བཤད།  དཔེ་ཆ་འདིའི་རིགས་སྤྱི་སྤྱོད་(public domain)ཡིན་པས་བཀག་རྒྱ་མེད།

བཀག་རྒྱའི་རིགས།

བཀག་རྒྱ་མེད་པ།

དཔེ་ཆའི་རིགས་དང་འགྲེལ་བཤད།

གནའ་བོའི་དཔེ་ཆ་ཕྱིས་སུ་འདྲ་བཤུས་བྱས་པའི་བཤེར་པར། བྲིས་མ་དང་ཤིང་པར་གྱི་འདྲ་བཤུས་ཡིན་ཅིང་། གླེགས་ཤིང་རྒྱབ་མདུན་གཉིས་གསར་བསྒྲིགས་བྱས་པ་རྣམས། དཔེར་ན། ༡༩༨༠ཡས་མས་སུ་སྐུ་ཞབས་རྗེན་སི་མེ་ཐིས་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཀྱི་ཆེད་དུ་བསྐྱར་པར་བྱས་པའི་དཔེ་ཚོགས་ལྟ་བུ།

 

འགྲེལ་བཤད། དཔེ་ཆ་འདིའི་རིགས་ལ་བདག་དབང་མེད་མོད། གསར་བཟོ་བྱས་པའི་གླེགས་ཤིང་དང་གླེང་བརྗོད་སོགས་ལ་བདག་དབང་ཡོད་སྲིད་པས། བཤེར་འབེབས་དང་ཉར་ཚགས་སྐབས་གང་ཐུབ་ཀྱིས་དེ་དག་མེད་པར་བཟོས་ཡོད།

བཀག་རྒྱའི་རིགས།

བཀག་རྒྱ་མེད་པ།

དཔེ་ཆའི་རིགས་དང་འགྲེལ་བཤད།

གནའ་བོའི་དཔེ་ཆ་ཕྱིས་སུ་རྣམ་པ་གསར་བསྒྲིགས་བྱས་པའི་བཤེར་པར།  དཔེར་ན། བྲིས་མ་དང་ཤིང་པར་རྣམས་རྩིས་འཕྲུལ་ནང་ཡི་གེར་གཏགས་ནས་པར་སྐྲུན་བྱས་པའི་རིགས།

འགྲེལ་བཤད། དཔེ་ཆ་དེའི་ནང་གི་སྡེ་ཚན་རེ་ཟུང་ལ་བདག་དབང་ཡོད་སྲིད་པས། བདག་དབང་འཛིན་མཁན་གྱི་ཐོབ་ཐང་སྲུང་ཕྱིར་དེའི་རིགས་ཀྱི་དཔེ་ཆ་རྣམས་བཀག་རྒྱ་བྱས་ཡོད།

བཀག་རྒྱའི་རིགས།

ཕྱེད་ཀ་བཀག་རྒྱ་ཅན།

དཔེ་ཆའི་རིགས་དང་འགྲེལ་བཤད།

ཡི་གེ་གཏགས་མ་དང་ཡིག་འཛིན་(OCR)བྱས་པ། བཤེར་པར་གང་རུང་མཉེན་ཆས་ཀྱིས་ཡིག་འཛིན་བྱས་པའམ་མིས་གཏགས་པའི་ཡི་གེ་གཉིས་ཡིན།

 

འགྲེལ་བཤད། ཡིག་ཆ་འདིའི་རིགས་ཀྱི་བཀག་རྒྱ་སྐབས་བསྟུན་གྱིས་ཐག་གཅོད་བྱེད་བཞིན་ཡོད།

བཀག་རྒྱའི་རིགས།

 
བཀག་རྒྱ་ཡོད་མེད་ཅི་རིགས།

དཔེ་མཚོན།

མི་ལའི་རྣམ་མགུར། W1CZ1988 མི་ལ་རས་པའི་རྣམ་མགུར་འདི་ནི་པར་མ་རྙིང་བའི་གྲས་ཤིག་ཡིན། དཔེ་ཆ་འདི་ནི་སྤྱི་སྤྱོད་ཡིན་ལ་བཀག་རྒྱ་ཡང་མེད་པས། འདི་ཉིད་ཕབ་ལེན་སོགས་གང་འདོད་དུ་སྤྱད་ཆོག

 

བོད་སཾ་ཚིག་མཛོད། W1KG4919 ཚིག་མཛོད་འདི་ནི་ཉེ་ཆར་སྒྲིག་སྦྱོར་བྱས་པའི་རྒྱུ་མཚན་གྱིས་བདག་དབང་ཡོད་པ་མ་གཏོགས་བཀག་རྒྱ་གཞན་མེད། དེའི་ཕྱིར་འགོ་མཇུག་གི་ཤོག་ངོས་འགའ་ལས་བལྟ་ཀློག་བྱེད་མི་ཐུབ།

 

མགོན་པོའི་བེའུ་བུམ་སྙིང་ཐིག་བཀའ་རྒྱ་མ། W1CZ1073 དཔེ་ཆ་འདི་ནི་དབང་མ་ཐོབ་པར་བལྟ་ཀློག་བྱེད་མི་ཆོག འདི་སྤྱི་སྤྱོད་ཡིན་མོད། ང་ཚོས་དམིགས་བསལ་ཅན་མ་གཏོགས་བལྟ་ཀློག་དང་ཕབ་ལེན་བྱེད་མི་ཆོག་པ་བཟོས་ཡོད།

ཏུན་ཧོང་ཡིག་རྙིང་ཕྱོགས་བསྒྲིགས། W8LS20272 དཔེ་ཆ་འདི་ནི་ཏུན་ཧོང་ཡིག་རྙིང་ཁག་ཕྱོགས་བསྒྲིགས་ཀྱིས་ཉེ་ཆར་པར་བསྐྲུན་བྱས་པ་ཞིག་ཡིན། སྤྱིར་ཡིག་ཆ་འདི་སྤྱི་སྤྱོད་དཔེ་ཆ་ཡིན་མོད། འདིའི་རྒྱབ་མདུན་གཉིས་སུ་ཡོད་པའི་སྔོན་གླེང་དང་། དཀར་ཆག འདྲ་པར་སོགས་བདག་དབང་ཅན་ཡིན་པས། དཔེ་ཆ་ཧྲིལ་བོར་བདག་དབང་བཞག་ཡོད།