ནང་བསྟན་དཔེ་ཚོགས་ལྟེ་གནས་ངོ་སྤྲོད།

ང་ཚོས་བོད་སྐད་གཅིག་པུ་ཙམ་མ་ཡིན་པར། ལེགས་སྦྱར་དང་པཱ་ལི། རྒྱའི་སྐད་ཡིག་སོགས་སྐད་རིགས་སྣ་ཚོགས་ནང་བཞུགས་པའི་ཕྱག་དཔེ་ཉར་སྲུང་བྱ་རྒྱུའི་ཚོགས་པའི་ལས་གཞི་དེ་རྒྱ་བསྐྱེད་བྱེད་པར་བསྐུལ་སོང་། རྒྱ་བསྐྱེད་བྱས་པའི་ལས་གཞི་འདི་ལག་བསྟར་བྱེད་པ་ལ་ལྟེ་གནས་འདིའི་ཐོག་མའི་མིང་བོད་བརྒྱུད་ནང་བསྟན་དཔེ་ཚོགས་ལྟེ་གནས་(TBRC) ཀྱང་ནང་བསྟན་དཔེ་ཚོགས་ལྟེ་གནས་(BDRC) སུ་བསྒྱུར་བ་ཡིན། ༢༠༡༧ ལོ་ནས་བཟུང་ལྟེ་གནས་འདིས་བོད་ཀྱི་སྐད་ཡིག་གཙོར་བཟུང་གི་ལས་ཀའི་ངོ་བོ་བསྒྱུར་ཏེ། ལེགས་སྦྱར་དང་པཱ་ལི། རྒྱའི་སྐད་ཡིག་བཅས་ཀྱི་ནང་བཞུགས་པའི་ནང་བསྟན་གསུང་རབ་ཉར་སྲུང་གི་ལས་གཞི་དབུ་བཙུགས་པ་ཡིན།

ལས་གཞི་རྒྱ་བསྐྱེད་དང་ཤུགས་རྐྱེན་གསར་པ།

ཕྱི་ལོ་༡༩༩༩ ལོར་སྐུ་ཞབས་རྗེན་སི་མེས་ཐིས། བོད་བརྒྱུད་ནང་བསྟན་དཔེ་ཚོགས་ལྟེ་གནས་གསར་འཛུགས་བྱས་པ་ནས་བཟུང་ད་བར་ལྟེ་གནས་འདིས། བོད་སྐད་ནང་བཞུགས་པའི་ཕྱག་དཔེ་ཤོག་ངོས་ས་ཡ་༡༢ ལྷག་ཉར་སྲུང་དང་ཨང་བསྒྱུར་བྱས་ཏེ་དྲ་ཐོག་ནས་ཀུན་གྱི་མཐོང་ལམ་དུ་བསྟར་ཡོད། གོང་ཞུས་ཀྱི་བྲིས་དཔེ་དང་ཤིང་པར་བྱས་པའི་དཔེ་ཆ་དེ་དག་ནི་དུས་རབས་དུ་མའི་རིང་ནང་བསྟན་རིག་པའི་དཔལ་ཡོན་གྱི་མཚོན་བྱེད་ཡིན། ལྟེ་གནས་འདིས་རྩ་ཆེའི་གསུང་དཔེ་དེ་དག་ཉར་སྲུང་བྱ་ཕྱིར་དེར་བརྟེན་གྱིས་ཐུན་མོང་མ་ཡིན་པའི་ཐབས་རྩལ་དང་ཆེད་ལས། འཕྲུལ་རིག་ལག་རྩལ་བཅས་པ་སྔར་དང་མ་འདྲ་བའི་ཡར་རྒྱས་བཏང་ཡོད།

དེང་སྐབས་ནང་བསྟན་རིག་གནས་ལ་ཞབས་འདེགས་སྒྲུབ་བཞིན་པའི་ངེད་ཚོགས་པའི་མཉམ་འབྲེལ་ལས་གྲོགས་ཡོངས་དང་། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འགན་འཛིན་ལྷན་ཚོགས་བཅས་ཀྱི་དགོས་འདུན་བཏོན་པ་བཞིན། ང་ཚོས་ཕྱོགས་སོ་སོར་ལས་གཞི་རྒྱ་བསྐྱེད་དང་ལས་བྱེད་ཆེད་གཏོང་བྱས་ནས། སྤྱིར་སྤྱི་ཚོགས་ཀྱི་འགྱུར་བ་དང་ཁོར་ཡུག་གི་གནས་སྟངས་ཀྱི་རྐྱེན་པས་འཇིག་ཉེན་ལ་ཐུག་པའི་ཡུལ་ལུང་སོ་སོ་ནས་བརྒྱུད་པའི་ནང་བསྟན་རིག་གནས་ཀྱི་གསུང་དཔེ་རྣམས་ཉར་སྲུང་དང་། དར་སྤེལ་གྱི་ལས་གཞི་སྒྲུབ་མུས་སུ་མཆིས། ནང་བསྟན་དཔེ་ཚོགས་ལྟེ་གནས་ནི་ནང་བསྟན་རིག་གནས་འདི་དུས་རབས་དང་བསྟུན་པའི་ཉར་སྲུང་བྱ་ཕྱོགས་ཐད་ལོ་ངོ་༡༧ ལྷག་གི་ཉམས་མྱོང་སྣེ་འཛོམས་ཤིག་གསོག་འཇོག་བྱས་ནས་བསྐྲུན་པ་ཞིག་ཡིན།

འགོ་འཛུགས་བྱས་པའི་ལས་གཞི་འདི་བརྒྱུད་ནས། ཡང་སྙིང་ནང་པ་སངས་རྒྱས་པའི་བསྟན་པ་ཡིན་ཡང་བརྒྱུད་པའི་བླ་མ་མ་འདྲ་བ་དང་། འཛམ་གླིང་གི་ཡུལ་ལུང་སོ་སོར་ཆད་པའི་ནང་བསྟན་གསུང་དཔེ་རྣམས་ཨང་བསྒྱུར་གྱི་རྣམ་པའི་ཐོག་གཞི་གཅིག་ལ་འཛོམས་ཐུབ་པ་འདི། ལོ་རྒྱུས་ཀྱི་ཐོག་མ་རུ་ངོས་འཛིན་བྱ་ཆོག འདི་ནི་སྔོན་ཚོད་ལྟ་མ་བྱས་པ་དང་མ་བསྒྲུབས་པ། མ་སྲིད་པ་ཞིག་རེད། ང་ཚོས་བོད་ཀྱི་སྐད་ཡིག་ནང་བཞུགས་པའི་ནང་བསྟན་གསུང་དཔེ་རྣམས་ཉར་སྲུང་དང་ཀུན་ཀྱི་མཐོང་ལམ་དུ་བསྐྲུན་པའི་གྲུབ་འབྲས་འདིས། ང་ཚོར་སླར་ཡང་ཉེན་ཁར་ལྷུང་བའི་སྐད་རིགས་གཞན་གྱི་ནང་བསྟན་གསུང་དཔེ་རྣམས་ཀྱང་མྱུར་སྐྱོབས་དགོས་པའི་སྐུལ་ལྕགས་བྱས་ཤིང་།

ལས་གཞིའི་དམིགས་ཡུལ་སྙིང་བསྡུས།

  1. ཚོགས་པའི་སློབ་སྟོན་ལྷན་ཚོགས་ཀྱིས་མཚམས་སྦྱོར་གནང་བའི་གལ་ཆེའི་ནང་བསྟན་གསུང་དཔེ་རྣམས་འཚོལ་ཞིབ་བྱ་རྒྱུ་དང་། དེ་དག་ཉར་སྲུང་བྱ་ཕྱོགས་ཀྱི་འཆར་གཞི་ཚད་ལྡན་བསྒྲིག་རྒྱུ།
  2. ནང་བསྟན་གསུང་དཔེ་མང་པོ་ལ་སྦྲེལ་ཐུབ་པ་དང་ཡིག་མཛོད་ལ་སྤྲེལ་བའི་preservation ecosystem? ཞིག་དང་དྲ་ཐོག་ཡིག་མཛོད་ཅིག་བསྐྲུན་རྒྱུ། དེའི་ནང་ཚང་དགོས་པ་ཁག
    • A central bibliographic database for Buddhist texts based on linked open data.
    • A repository of both scanned source texts and searchable eTexts.
  3. དྲ་ཐོག་དཔེ་མཛོད་ཀྱི་ཐབས་ལམ་སྤྱད་ནས་འཚོལ་བཤེར་དང་བརྒྱུད་སྐུར། བལྟ་ཀློག་བཅས་བྱ་ཐུབ་སའི་སྤྱི་སྟེགས་ཤིག་བཟོ་དགོས།
  4. ཆེད་ལས་པ་དང་ལག་རྩལ་པ། ཉམས་ལེན་པ། ཉར་སྲུང་ལ་དང་བའི་རྒྱལ་སྤྱིའི་ཚོགས་སྡེ་བཅས་ཀྱི་ལྷན་ཚོགས་ཤིག་བསྐྲུན་རྒྱུ།

Summary of Impact

Our program will:

  1. Create a central source for Buddhist texts and support the long-term preservation of Buddhist texts in Sanskrit, Pali, Chinese, Tibetan, and other languages.
  2. Sustain the transmission of Buddhist knowledge across cultures and languages by sharing resources online and offline via portable hard drive libraries.
  3. Dramatically increase the pace and quality of translations of Buddhist texts.
  4. Build a diverse community of scholars, translators, technologists, librarians, archivists, proponents of the living traditions, and the general public.
  5. Stabilize access to Buddhist textual sources in many languages, and thereby, facilitate a richer, more nuanced understanding of Buddhism.

མདུན་སྐྱོད།: གོམ་སྟབས་རྗེས་མ།

ད་སྐབས་ཏ་ལའི་ལོ་མའི་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ཕེ་ཁྲར་སི་ཁི་ལེང་གི་སློབ་སྟོན་འོག ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་པཱ་ལིའི་སྐད་ཀྱི་ཏ་ལའི་ལོ་མའི་བྲིས་དཔེ་རྣམས་བཤེར་འབེབས་བྱེད་མུས་ཡིན། ཏ་ལའི་ལོ་བྲིས་མའི་དཔེ་ཆ་རྣམས་བཤེར་འབེབས་ཀྱི་ལས་གཞི་འདིའི་སྦྱིན་བདག་ནི་གཏོང་ཕོད་ཅན་གྱི་མཁྱེན་བརྩེའི་ཐེབས་རྩ་ཁང་ཡིན། ད་དུང་སྐུ་ཞབས་རའ་བྷར་ཐི་ཧོ་ནང་མིའི་ཐེབས་རྩ་ཁང་གིས་མཐུན་རྐྱེན་སྦྱར་ཏེ་ངེད་ཚོགས་པས་ལེགས་སྦྱར་དང་རྒྱ་བརྒྱུད་ནང་བསྟན་དྲ་ཐོག་དཔེ་མཛོད་ (SCDLN) ཀྱི་ལས་གཞིའི་བརྒྱུད་རིམ་ཞིག་ཀྱང་འགྲོ་བཞིན་ཡོད། ལས་གཞི་ (SCDLN) འདིའི་སྒྲོམ་གཞི་འདིས། ངེད་ཚོགས་པས་ཉར་ཚགས་འཚོལ་བསྡུ་བྱས་པའི་ལེགས་སྦྱར་དང་རྒྱའི་ནང་བསྟན་གསུང་དཔེ་རྣམས་ལ་དཀར་ཆག་བསྒྲིག་པ་དང་སྒྲིག་སྦྱོར་བྱེད་པ། བལྟ་ཀློག་བྱེད་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན། དེ་ལས་ལྷག་པ་ཞིག་ལ། ང་ཚོའི་ལྟེ་གནས་ཀྱིས་མུ་མཐུད་ནས་བོད་དཔེ་བྲིས་མ་དང་ཤིང་པར། དེང་རབས་དེབ་གཟུགས་གང་ཡིན་རུང་བཤེར་འབེབས་བྱེད་པའི་མཐུན་རྐྱེན་ནར་གཏོང་བྱ་རྒྱུ་ཡིན།

འགྱུར་ལྡོག་དང་འཕེལ་རྒྱས་ཆེ་བའི་དུས་ཚིགས་དང་བསྟུན་ནས། ང་ཚོའི་དྲ་ཐོག་དཔེ་མཛོད་བཀོལ་སྤྱོད་བྱེད་མཁན་ཡོངས་དང་གྲོགས་པོ་རྣམ་པ། རྒྱབ་སྐྱོར་བ་རྣམས་ལ། ཁྱེད་ཅག་གིས་ང་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་བ་ཚོར་གྱི་ཡོད། ད་བར་ཁྱེད་ཅག་གི་གློད་པ་མེད་པའི་རྒྱབ་སྐྱོར་ལ་བརྟེན་ནས། ང་ཚོར་སྐད་རིགས་འདྲ་མིན་ཚང་མའི་ནང་བཞུགས་པའི་ནང་བསྟན་གསུང་རབ་རྣམས་འཇིག་ཉེན་ལས་སྐྱོབས་ཐུབ་པར་མ་ཟད། ད་ལྟ་དང་འབྱུང་འགྱུར་གྱི་མི་རབས་གསར་པའི་མིག་མདུན་དུ་འབུལ་ཐུབ་པའི་གྲུབ་འབྲས་འདི་བསྐྲུན་པ་རེད། ངེད་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཚོགས་མི་ཡོངས་ཀྱིས་ཁྱེད་ཅག་ལ་བཀའ་དྲིན་ཆེ་ཞུ།

No Comments

Sorry, the comment form is closed at this time.