ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འགན་འཛིན་ལྷན་ཚོགས་ཀྱིས་སྐུ་ཞབས་རྗན་རོ་ནེས་སི་འཛིན་སྐྱོང་འགན་འཛིན་གསར་པ་རུ་བདམས་ནས། ཚོགས་པའི་སྣེ་ཁྲིད་བྱེད་དུ་བཅུག སྐུ་ཞབས་རྗན་རོ་ནེས་སི་ནི་བོད་ཀྱི་སྐད་ཡིག་དང་ནང་བསྟན་ཆེད་ལས་པ་ཞིག་ཡིན། ཁོང་ནི་བྷར་ཁི་ལེཡེ་ཁ་ལི་ཧྥོར་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཤར་ཨེ་ཤ་ཡའི་སྐད་ཡིག་དང་རིག་གཞུང་སྡེ་ཚན་གྱི་སློབ་དཔོན་ཞིག་ཡིན། སློབ་ཆེན་དེ་ནས་ཁོང་ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་ཕེབས། ཁོང་གིས་ཝར་རྗེ་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཨང་བསྒྱུར་ལག་རྩལ་གྱི་ལས་རིགས་ཕལ་ཆེར་ལོ་ངོ་ཉི་ཤུ་ཙམ་ལ་བསྒྲུབས་པ་དང་། ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་སློབ་མཐར་ཕྱིན་ཏེ་ལག་ཁྱེར་བླངས། གཙུག་ལག་སློབ་ཆེན་དེ་ནི་བྱང་ཨ་རིའི་ཁུལ་གྱི་ནང་ཆོས་སློབ་སྦྱོང་བྱེད་སའི་སློབ་གླིང་གཙོ་བོ་ཁག་གི་གཅིག་རེད།
ཚོགས་པ་གསར་འཛུགས་མཁན་སྐུ་ཞབས་རྗེན་སི་མེས་ཐིས། སྐུ་ཞབས་རོ་ནེས་སི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ཞིབ་འཇུག་པར་བསྐོས་པ་ནས་བཟུང་། ད་ལྟ་འཛིན་སྐྱོང་འགན་འཛིན་གྱི་འགན་འཁྲི་ཆ་ཚང་བཞེས་དབར་ལོ་ངོ་བཅུ་གཉིས་ཧྲིལ་བོ་འགོར་བ་དང་། ༢༠༠༦ ལོར་(Fulbright doctoral research grant) ཨ་རིའི་ཆེས་མཐོའི་ཉམས་ཞིབ་སློབ་ཡོན་ཐོབ་ནས་པེ་ཅིང་དང་ཁམས་ཁུལ་དུ་ཟླ་བ་༡༨ རིང་ཞིབ་འཇུག་གི་ལས་ཀ་བྱས། སྐབས་དེར་རམ་འདེགས་ལས་གྲོགས་ཀྱི་མིང་ཐོག་ནས་ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་ཞུགས། ལོ་ངོ་གཅིག་ལ་བསྡད་པའི་དུས་ཡུན་རིང་བློ་ཐག་ཉེ་བོས་སྐུ་ཞབས་རྗེན་སི་མེས་ཐི་དང་ལྷན་དུ་ཚོགས་པའི་དཔེ་མཛོད་ཀྱི་དཀར་ཆག་ཐོག་མར་བསྒྲིགས། དེ་ནི་ཚོགས་པའི་དཔེ་མཛོད་ཀྱི་དན་གྲངས་གོང་མའམ་དཀར་ཆག་གི་རྨང་གཞི་ལྟ་བུར་གྱུར་ཡོད།
(གཡས་པ།) རྗན་རོ་ནེས་སི་ཁམ་བྷི་རཡེ་རྗེ་ན་ཡོད་པའི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ལས་ཁང་ནང་༧རྒྱལ་བ་ཀརྨ་པ་དང་ལྷན།
ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་རྨང་གཞི་དང་འབྲེལ་བ་ཡོད་ལ། ལྟེ་གནས་འདིའི་ལས་གཞི་ལ་ཡང་ཐུགས་འདུན་ཟབ་མོ་ཡོད་པའི་སྐུ་ཞབས་རོ་ནེས་སི་རང་རེའི་ལྟེ་གནས་སུ་ཞུགས་པ་ནི། ཚོགས་པའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་འགུལ་སྐྱོད་ཀྱི་དུས་ཚོད་ཅིག་ཡིན། ༢༠༡༥ ལོར་ཚོགས་པས་ནང་བསྟན་སྤྱི་དང་འབྲེལ་བའི་གསུང་རབ་ཕྱག་དཔེ་ཉར་སྲུང་ལས་གཞི་རྒྱ་བསྐྱེད་པ་དང། ལྟེ་གནས་ཀྱིས་ཐབས་རྩལ་དང་ཨང་བསྒྱུར་གྱི་ལས་གཞིའི་ཐད་རེ་འདུན་གསར་པ་ཞིག་གི་འགོ་བརྩམས་ཡོད། ལས་གཞི་འདི་དག་གིས། ནང་བསྟན་དཔེ་ཚོགས་ལྟེ་གནས་འདི་ཆེད་ལས་རང་བཞིན་ལྡན་པའི་དཔེ་མཛོད་དང་། དཔེ་ཆ་དོ་དམ། ནང་བསྟན་དང་འབྲེལ་བའི་ཕྱག་དཔེའི་ཐོན་ཁུངས་ཤིག་ཏུ་བསྒྱུར་ཐུབ་པ་དང་། སྐུ་ཞབས་ཁོང་གི་ཆེད་ལས་ཞིབ་འཇུག་དང་དམིགས་འདུན། ཆེད་ལས་རང་བཞིན་གྱི་མཛུབ་སྟོན་ལ་བརྟེན་ནས། ནང་བསྟན་དཔེ་ཚོགས་ལྟེ་གནས་འདི་མ་འོངས་པར་ནང་ཆོས་སློབ་སྦྱོང་གི་ཐོན་ཁུངས་གཙོ་བོ་ཞིག་ཏུ་གནས་རྒྱུ་ཡིན།
"འགན་འཛིན་ལྷན་ཚོགས་ཀྱིས། ལྟེ་གནས་འདིའི་ལས་རིགས་ཐད་ཆེད་ལས་མི་སྣའི་འགན་འཛིན་ཞིག་འཚོལ་བཞིན་པ་ལྟར། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ཁར་ཐིསི་སི་ཁེ་ཧྤར་གྱིས་ང་ལ་དེ་འདྲའི་ཆེད་ལས་པའི་འགན་འཛིན་ཞིག་བཙལ་རོགས་ཞེས་མངགས་སོང་། དེས་ན་སྐུ་ཞབས་རྗན་ནི། བོད་ཀྱི་གནའ་བོའི་རིག་གནས་དང་སྐད་རིགས་གཉིས་ལ་བྱང་ཆུབ་པར་མ་ཟད་རྒྱའི་སྐད་ཡིག་ཀྱང་ཚད་ལྡན་ཞིག་བཤད་ཤེས། ནང་བསྟན་གྱི་གཞུང་ལུགས་ཁག་ལ་རྒྱུས་མངའ་གཏིང་ཟབ་ཡོད་པ། དེའི་སྐོར་ལ་ཞིབ་འཇུག་རྒྱ་ཆེར་བྱས་པའི་ཁར་སློབ་ཁྲིད་ཀྱི་ཉམས་མྱོང་ཡང་ལྡན། ང་ལ་མཚོན་ན་ཁོང་གིས་ང་ཚོའི་ཚོགས་པ་འདི་རེ་བ་ལྡན་པའི་ལེའུ་གསར་བ་ཞིག་ལ་འཁྲིད་ཐུབ་པར་ཐེ་ཚོམ་མེད།"
སྐུ་ཞབས་རྗེ་ཧྤི་ཝལ་མན་གྱིས་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ལས་གཞི་རྒྱ་བསྐྱེད་དང་དེ་འབྲེལ་གྱི་བྱ་བཞག་ཁག་ལོ་ངོ་བཅུ་བདུན་གྱི་རིང་བསྒྲུབས་རྗེས་ཀྱི་དེ་རིང་ཁོང་གི་འགན་ཡོངས་རྗོགས་སྐུ་ཞབས་རོ་ནེསིས་བླངས་ཡོད།
Sorry, the comment form is closed at this time.